logo

རྒྱ་བོད་སྐད་གཉིས་ཀྱི་འགུལ་རིས་མུ་འབྲེལ་བརྙན་འཕྲིན《གཙོད》ཅེས་པ་གཏོང་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-02 ཀློག་གྲངས།:

藏汉双语动画连续剧《藏羚羊》青海卫视首播
རྒྱ་བོད་སྐད་གཉིས་ཀྱི་འགུལ་རིས་མུ་འབྲེལ་བརྙན་འཕྲིན《གཙོད》ཅེས་པ་གཏོང་འགོ་བརྩམས་པ།

  ཟླ6པའི་ཚེས29ཉིན་ནས་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱ་སྐད་གཉིས་ཀྱི་འགུལ་རིས་བརྙན་འཕྲིན་ཁག་གཉིས་པ་སྟེ《གཙོད》ཅེས་པ་སྒྲིག་བཟོ་བྱས་ཚར་ནས། མཚོ་སྔོན་དཔལ་འབྱོར་དང་འཚོ་བའི་འཕྲིན་ལམ་དུ་གཏོང་འགོ་བརྩམས་པ་རེད།
  ལེའུ་ལྔ་ཅན་གྱི་འགུལ་རིས་བརྙན་འཕྲིན《གཙོད》ནི་རྒྱལ་ཁབ་ཀྱི་བྱ་དགའ་གྲགས་ཅན་ཐེངས་དུ་མར་ཐོབ་པའི་བྱིས་པའི་གར་སྟེགས་ཟློས་གར《གཙོད》ཅེས་པ་ནས་བསྒྱུར་སྒྲིག་བྱས་ཤིང་། འགུལ་རིས་བརྙན་འཕྲིན་འདིའི་ཁྲོད་གཞུང་དྲང་ཞིང་སྙིང་སྟོབས་ཆེ་བའི་བུ་ཆུང་སྐལ་བཟང་དང་ཁོང་གི་ཨ་ཅེ་གསལ་སྒྲོན་གཉིས་ཀྱིས་རི་དྭགས་གཙོད་ཆུང་ཆུང་ཞིག་ལ་སྲུང་སྐྱོབ་བྱེད་ཆེད། ཉེན་ཁ་ཆེ་བའི་ཁོར་ཡུག་དང་གདུག་སྤྱོད་ཅན་གྱི་རྔོན་པ་ལས་མཐར་ནས་གཙོད་ཆུང་ཆུང་དེ་ཡང་བསྐྱར་རང་བྱུང་ཁམས་སུ་བསྐྱལ་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།