རྒྱལ་སྤྱིའི་མིང་གྲགས་ཆེད་མཁས་པས་ཆེས་བྲིན་བོད་སྨན་རྒྱལ་སྤྱིར་ཕྱོགས་པར་སྐུལ་འདེད་བྱེད།
ཉེ་ལམ། ཧ་ཧྥུ་དགེ་རྒན་ཆེན་མོ་ཏ་ཝེ་ཁི་ལེ་སི་ཏེ་ཨན་ཉིའི་ཆེས་བྲིན་བོད་སྨན་ཚན་ཞིབ་ཚོད་ལྟ་ཁང་ལན་གྲུ་རུ་སྒོ་བྱང་བཀལ། འདིས་བོད་སྨན་དང་རྒྱལ་ཁབ། ས་གནས་མཉམ་འབྲེལ་གྱི་ཚོད་ལྟ་ཁང་ཐོག་མ་དང་རྒྱལ་སྤྱིའི་མིང་གྲགས་ཆེད་མཁས་པ་མནའ་འབྲེལ་བྱས་པ་མཚོན་ལ། ཚོད་ལྟ་ཁང་འདིས་ཀན་སུའུ་ཞིང་ཆེན་གྱི་བོད་སྨན་གསར་བ་རིན་ཆེན་མང་སྦྱོར་སོགས་ལ་ཕྱོགས་ཡོངས་ནས་ཚན་རིག་ཞིབ་འཇུག་དང་། སྲོལ་རྒྱུན་བོད་སྨན་གྱི་ད་ཡོད་སྤྱོད་སྒོ་ཐད་བགྲོ་གླེང་གནང་སྟེ་ཀན་སུའུ་ཞིང་ཆེན་གྱི་བོད་སྨན་རྒྱལ་སྤྱིར་ཕྱོགས་པར་སྐུལ་འདེད་བྱས།
དགེ་རྒན་ཆེན་མོ་ཏ་ཝེ་ཁི་ལེ་སི་ཏེ་ཨན་ཉི་ནི་ཧ་ཧྥུ་སློབ་ཆེན་རྒྱལ་སྤྱིའི་མིང་དུ་གྲགས་པའི་ལས་རིགས་དུག་ཕོག་གི་ཞིབ་འཇུག་ཆེད་མཁས་པ་ཡིན་ཞིང་། ཆེས་བྲིན་བོད་སྨན་ཚོད་ལྟ་ཁང་གིས་ཏ་ཝེ་ཁི་ལེ་སི་ཏེ་ཨན་ཉིའི་ཞིབ་འཇུག་ཉམས་མྱོང་དང་གྲུབ་འབྲས་འདོན་སྤེལ་གང་ལེགས་དང་། ཧ་ཧྥུ་སློབ་ཆེན་གྱི་གསོ་རིག་སྔོན་འགོག་ཐད་ཀྱི་ཞིབ་འཇུག་བྱ་ཐབས་ལ་སློབ་སྦྱོང་སྒོས་ཆེས་བྲིན་བོད་སྨན་གྱི་བོད་སྨན་ཐད་ཀྱི་རྨང་གཞིའི་ཁྱད་འཕགས་རང་བཞིན་དང་། བོད་སྨན་དང་རྒྱལ་ཁབ། ས་གནས་མཉམ་འབྲེལ་ལས་གཞིའི་ཚོད་ལྟའི་ཁང་གི་ལག་རྩལ་ནུས་ཤུགས་བཅས་ལ་གཞི་བཅོལ་ཏེ་ལྷན་དུ་བོད་སྨན་གྱི་སྤྱོད་སྒོའི་མ་ལག་དང་ཁྱད་ཆོས་ཐད་གཏིང་ཟབ་སྒོས་ཞིབ་འཇུག་དང་། ནད་ཐོག་ཕན་འབྲས་དང་བདེ་འཇགས་རང་བཞིན་ལ་གཟིགས་ཞིབ་བྱེད་པ་རེད།