མཚོ་སྔོན་ཞིང་ཆེན་གྱི2013ལོའི་མཐོ་རྒྱུགས་རྒྱུགས་འབྲས་ཁྱབ་བསྒྲགས་དུས་ཚོད་ཀྱི་བརྡ་ཁྱབ།
མཚོ་སྔོན་ཞིང་ཆེན་གྱི2013ལོའི་མཐོ་རྒྱུགས་རྒྱུགས་འབྲས་དེ2013ལོའི་ཟླ6པའི་ཚེས26ཉིན་གྱི་སྔ་དྲོའི་དུས་ཚོད11:00ཡས་མས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད། མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་གཤམ་གྱི་ཐབས་ལམ་བརྒྱུད་ནས་སྐར་གྲངས་འདྲི་རྩད་བྱས་ཆོག་སྟེ།
1.མཚོ་སྔོན་རྒྱུགས་ལེན་སློབ་བསྡུའི་ཆ་འཕྲིན་དྲ་བའི སྟེང་རིན་མི་དགོས་པར་འདྲི་རྩད་བྱས་ཆོག
2.འཕྲིན་ཐུང་བསྐུར་ནས་རིན་མི་དགོས་པར་འདྲི་རྩད་བྱེད་པ་སྟེ། “gkcjརྒྱུགས་སྤྲོད་དཔང་ཡིག་གི་ཨང་གྲངས”(དཔེར་ན། gkcj123456)དེ་འཕྲིན་ཐུང་དུ་བཀོད་ནས་མཚོ་སྔོན་འཕྲིན་འབྲེལ་དང་སྤོར་སྤྱོད། གློག་འཕྲིན་སྤྱོད་མཁན་ཀུན་གྱིས་ཨང་གྲངས10629365སྟེང་ལ་བསྐུར་དགོས།
ནང་དོན་དེ་ལས་མང་པོ་རྟོགས་དགོས་ན་དྲ་གནས གཟིགས་རོགས། འདྲི་རྩད་བྱེད་པའི་སྐབས་སུ་དྲ་རྒྱའི་དབང་གིས་ཁྱེད་ཉིད་ཀྱི་ཆ་འཕྲིན་འཚོལ་བར་འགོར་འགྱངས་མི་བྱེད་པའི་ཆེད་དུ་འདྲི་རྩད་ཀྱི་ཐབས་ལམ་སྣ་ཚོགས་ལ་ཚོད་ལྟ་བྱ་རོགས།