logo

གེ་སར་ཟློས་གར་རྨ་སྟོད་གླིང་གི་ཕ་ས་ཞེས་པར་རྒྱལ་ཡོངས་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ། དུས་ཚོད།:2018-12-27 ཀློག་གྲངས།:
     ཉེ་སྔོན། ཀྲུང་ཧྭ་རིག་གནས་སྐུལ་སྤེལ་ཚོགས་པ་དང་ཧྲང་ཧེ་འཇིག་རྟེན་ཆེན་མོ་ལས་ཁུངས་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི2018ལོའི་མཚོ་སྲམ་གྱིས་བསྒྲགས་པའི་འཇིག་རྟེན་ཆེན་མོའི་གྲོང་ཁྱེར་སྟེགས་བུའི་ལོ་རེའི་ཀྲུང་གོའི་གཟི་ཉམས་འབར་བའི་ཨང་རིམ་གྱི་བྱ་དགའ་སྩོལ་གནང་མཛད་སྒོ་ཧྲང་ཧེའི་འཇིག་རྟེན་ཆེན་མོར་ཚོགས་པ་རེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་གསར་རྩོམ་སྒྲིག་འགོད་བྱས་པའི་གེ་སར་ཟློས་གར་ཆེ་གྲས་རྨ་སྟོད་གླིང་གི་ཕ་ས་ཞེས་པ་རྒྱལ་ཡོངས་ཀྱི་འགྲན་ཞུགས་ལེ་ཚན་སུམ་བརྒྱ་དང་དྲུག་ཅུ་ལས་ཡང་རྩེར་སོན་པས། གསེར་གྱི་རྟགས་མའི་བྱ་དགའ་བསྩལ་བ་མ་ཟད་བྱ་དགའི་མཛད་སྒོའི་སྟེང་དངོས་སུ་འཁྲབ་སྟོན་བྱས།
     གེ་སར་ཟློས་གར་རྨ་སྟོད་གླིང་གི་ཕ་ས་ཞེས་པ་འདི་སྲོལ་རྒྱུན་གྱི་བོད་པའི་ཞབས་བྲོའི་འགུལ་སྟངས་དང་བསྡུར་ན་འགུལ་ཚད་མཐོ་ཞིང་གོམ་སྟབས་མགྱོགས་པོ་ཡིན་པ་དང་། དེ་དང་མཉམ་དུ་སྲོལ་རྒྱུན་དམངས་ཁྲོད་ཞབས་བྲོའི་རྣམ་པ་ཉར་འཇོག་བྱས་ཏེ། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་གཏིང་ཟབ་པའི་རྨ་སྟོད་ཀྱི་གེ་སར་རིག་གནས་དང་མི་རིགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཟི་ཉམས་ཡོངས་སུ་མངོན་པས་ཡུལ་དངོས་ལྟད་མོ་པ་དང་ཞལ་འདེམས་ཆེད་མཁས་པས་གཅིག་གྱུར་གྱིས་གདེང་འཇོག་ཆེན་པོ་ཐོབ།


འབྲེལ་ཡོད་འོས་སྦྱོར།