logo

གཙུག་ལག་ཁང་གི་གྲངས་འཛིན་ལྡེབས་རིས་ལས་གྲྭའི་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-22 ཀློག་གྲངས།:

 文成公主进藏
གཙུག་ལག་ཁང་དུ་བཞེངས་པའི་རྒྱ་བཟའ་ཀོང་ཇོ་བོད་དུ་བསུ་བའི་ལྡེབས་རིས།

  ལྷ་སའི་གྲོང་ཁུལ་རྙིང་པ་ནས་མངའ་བའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་སྨི་གྲུ་བཞི་མ4000ལྷག་ཡོད་པའི་ལྡེབས་རིས་ནི་ལོ་རྒྱུས་དང་ཆོས་ལུགས་རིག་གནས་ཀྱི་ཉིང་བཅུད་ལྟ་བུ་ཡིན་ཞིང་། ལྡེབས་རིས་ལ་སྲུང་སྐྱོང་ལེགས་པོ་བྱེད་ཆེད་གཙུག་ལག་ཁང་གི་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཙུག་ལག་ཁང་གི་གྲངས་འཛིན་ལྡེབས་རིས་ཀྱི་ལས་གྲྭའི་འགོ་བརྩམས་པ་རེད།
  གྲངས་འཛིན་ཅན་དུ་བསྒྱུར་བའི་ལས་གྲྭ་ནི་ལྡེབས་རིས་རེ་རེ་བཞིན་པར་བླངས་ནས་གྲངས་ཀའི་ལམ་ནས་གཅིག་ཏུ་བསྒྲིགས་པ་ཡིན་ལ། མིག་སྔར་འབྲེལ་ཡོད་མི་སྣ་རྣམས་ཀྱིས་ལྡེབས་རིས་ཡོངས་སུ་པར་ལེན་པའི་བྱ་བ་ལེགས་འགྲུབ་བྱུང་ནས་གྲངས་མཛོད་ཅིག་བཙུགས་ཡོད་པ་དང་། ད་ལྟ་དུས་རྗེས་ཀྱི་གྲངས་འཛིན་ཅན་དུ་བསྒྱུར་བའི་བསྒྲིགས་མཐུད་བྱེད་བཞིན་པའི་སྒང་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།