logo

མཚོ་ཤར་ས་ཁུལ་སྐབས་གསུམ་པའི་བོད་བརྒྱུད་ནང་བསྟན་གླེང་སྟེགས་ཞུན་ཧྭ་རྫོང་བིས་མདོ་དགོན་ཆེན་དུ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-20 ཀློག་གྲངས།:

མཚོ་ཤར་ས་ཁུལ་སྐབས་གསུམ་པའི་བོད་བརྒྱུད་ནང་བསྟན་གླེང་སྟེགས་ཞུན་ཧྭ་རྫོང་བིས་མདོ་དགོན་ཆེན་དུ་སྤེལ་བ།
མཚོ་ཤར་ས་ཁུལ་སྐབས་གསུམ་པའི་བོད་བརྒྱུད་ནང་བསྟན་གླེང་སྟེགས་ཞུན་ཧྭ་རྫོང་བིས་མདོ་དགོན་ཆེན་དུ་སྤེལ།

        ཟླ6པའི་ཚེས17ཉིན། མཚོ་ཤར་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི“མཚོ་ཤར་ས་ཁུལ་སྐབས་གསུམ་པའི་བོད་བརྒྱུད་ནང་བསྟན་གླེང་སྟེགས”ཞུན་ཧྭ་རྫོང་བིས་མདོ་དགོན་ཆེན་དུ་སྤེལ་ཞིང་། མཚོ་ཤར་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཚོ་ཤར་ས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། ཞུན་ཧྭ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའི་འགན་ཁུར་བློ་མཐུན། མཚོ་ཤར་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འགན་འཛིན། ཁུལ་ཡོངས་གལ་ཆེའི་དགོན་པའི་མི་རིགས་ཆོས་ལུགས་དོ་དམ་ལྷན་ཚོགས་ཀྱི་འགོ་གཙོ། སྤྲུལ་སྐུ་དང་བླ་དཔོན། རྫོང་སོ་སོའི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ། བིས་མདོ་དགོན་ཆེན་གྱི་གྲྭ་བཙུན་ཡོངས་བཅས་བསྡོམས་པས་མི400ལྷག་ཐེངས་འདིའི་གླེང་སྟེགས་སུ་ཞུགས་པ་རེད།

        ཐེངས་འདིའི་གླེང་སྟེགས་ནི“འདུལ་ཁྲིམས་སྲུང་ཞིང་འཆམ་མཐུན་སྐྲུན་པ”ཞེས་པ་བརྗོད་དོན་དུ་བཟུང་སྟེ་བོད་བརྒྱུད་ནང་བསྟན་ཆོས་ཀྱི་སྙིང་བོ་དང་འབྲེལ་ནས་དེ་ཉིད་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་འཚམ་པར་གསལ་འགྲེལ་དང་། བོད་བརྒྱུད་ནང་བསྟན་ཆོས་ཀྱི་སྙིང་བོའི་ཁྲོད་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ལྟ་སྤྱོད་དང་རིག་གནས་ལ་མཐུན་པའི་ཕན་ལྡན་གྱི་ནང་དོན་སྔོག་འདོན་སྒོས་ཡར་སྐུལ་གྱི་རྐྱེན་འདོན་སྤེལ་དང་། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་མཐུན་སྦྱོར་ཡོང་བར་སྣེ་ཁྲིད་བྱེད་པ་རེད།

        ཐེངས་འདིའི་གླེང་སྟེགས་སུ་ཁུལ་ཡོངས་དགོན་པ་སོ་སོ་ནས་སླེབས་པའི་གྲྭ་བཙུན10ལྷག་གིས་དཔྱད་རྩོམ་སྤེལ་ཞིང་། དེ་ལས་བདམས་པའི་གྲྭ་བཙུན4ཡིས་ཆོས་ཀྱི་སྙིང་བོ་ཁྲོད་ཀྱི་ཕན་ལྡན་གྱི་ཆ་འདོན་སྤེལ་གང་ལེགས་སྒོས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས་དང་འདུལ་ཁྲིམས་ཡང་དག་པར་སྲུང་བའི་གྲྭ་བཙུན་རྣལ་མ་ཞིག་བྱེད་པ། རང་སྟེང་གི་ཆོས་ཀྱི་བློ་སྦྱོང་ཟབ་མོར་ངེས་ཏེ་སྤྱི་ཚོགས་ཀྱི་ཁ་དབུགས་ལེགས་པོ་སྐྲུན་པ། ནང་བསྟན་ནི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་འོས་པ་བཅས་ཕྱོགས་བཞི་ནས་ཕུན་སུམ་ཚོགས་པའི་གཏམ་བཤད་གནང་སྟེ་འདིར་བཞུགས་ལྷན་རྒྱས་ཀྱི་ཁས་ལེན་དང་དགའ་བསུ་ཆེན་པོ་ཐོབ།


འབྲེལ་ཡོད་འོས་སྦྱོར།