logo

ཤི་ལོག་སྒྲོལ་མས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་ཨང་དང་པོ་བླངས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-17 ཀློག་གྲངས།:

ཤི་ལོག་སྒྲོལ་མས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་རང་དབང་འཇུ་རེས་སྤྱི་རྒྱ63རིམ་པའི་ཨང་དང་པོ་བླངས།

        ཟླ6པའི་ཚེས12ནས་ཚེས14བར་གྱི་རྒྱལ་ཡོངས་བུད་མེད་རང་དབང་འཇུ་རེས་གཟེངས་རྟགས་འགྲན་བསྡུར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྔོན་འགྲན་སྟེང་། བོད་རང་སྐྱོང་ལྗོངས་ཀྱི་མིང་གྲགས་ལུས་རྩལ་པ་ཤི་ལོག་སྒྲོལ་མས་རང་གི་ནུས་རྩལ་དང་དྲག་ཤུགས། ཆུ་ཚད་མཐོན་པོ་བཅས་འདོན་སྤེལ་གང་ལེགས་སྒོས་ཧེ་ལུང་ཅང་དང་། ཧུ་པེ། པེ་ཅིང་། ཧྲན་ཞི་སོགས་འགྲན་ཁག་གི་ལུས་རྩལ་པ་དག་ལས་སྤྱི་རྒྱ63རིམ་པའི་ཨང་དང་པོ་བླངས་པ་མ་ཟད། སོན་ལེགས་ལུས་རྩལ་པའི་ཐོབ་ཐང་གིས་ཟླ8པའི་ཚེས31ཉིན་ནས་ཟླ9བའི་ཚེས12ཉིན་ལོའོ་ཉིན་ཞིང་ཆེན་དུ་སྤེལ་བའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ་ཡིན་པ་རེད།
        བོད་ལྗོངས་ལུས་རྩལ་པས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་གྲ་སྒྲིག་གང་ལེགས་བྱེད་པའི་དུས་རིམ་དུ། ཤི་ལོག་སྒྲོལ་མས་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་ཏེ་དྲག་ཤུགས་ཇེ་བརྟན་དུ་བཏང་།


འབྲེལ་ཡོད་འོས་སྦྱོར།