བློ་བཟང་གློག་རྡུལ་ཐོན་རྫས་བོད་རྒྱ་དབྱིན་གསུམ་འབྲི་ཀློག་སྨྱུ་གུ་མཚོ་སྔོན་ཚོང་ཚོགས་སུ་བཀྲམ་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-06-16
ཀློག་གྲངས།:
ཟླ6པའི་ཚེས12ཉིན། མཚོ་སྔོན་བློ་བཟང་ཨང་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིས་སྔོག་ཞིབ་ཐོན་སྐྱེད་བྱས་པའི་བོད་རྒྱ་དབྱིན་གསུམ་འབྲི་ཀློག་སྨྱུ་གུ་ཟི་ལིང་དུ་སྤེལ་བའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་ཚོགས་སུ་འགྲེམ་སྟོན་བྱས། འབྲི་ཀློག་སྨྱུ་གུ་འདི་ནི་མཚོ་སྔོན་བློ་བཟང་ཨང་ཀིའི་ཚན་རྩལ་ཚད་ཡོད་ཀུང་ཟིས་བོད་རྒྱ་དབྱིན་གསུམ་རིག་ལྡན་ལག་འཁྱེར། གློག་རྡུལ་ཚིག་མཛོད། བོད་རིག་རྩིས་འཁོར་མཐེབ་གཞོང་སོགས་ཐོན་རྫས་གསར་སྤེལ་བྱས་རྗེས་བོད་རིགས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པར་དམིགས་པའི་གློག་རྡུལ་ཐོན་རྫས་གཞན་ཞིག་ཡིན།
འབྲེལ་ཡོད་འོས་སྦྱོར།