logo

བོད་རང་སྐྱོང་ལྗོངས་སྐབས་དང་པོའི་བཟོ་རྩལ་རི་མོ་མཁས་ཅན་དཔྱད་ཞིབ་བྱེད་སྒོ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-14 ཀློག་གྲངས།:

བོད་རང་སྐྱོང་ལྗོངས་སྐབས་དང་པོའི་བཟོ་རྩལ་རི་མོ་མཁས་ཅན་དཔྱད་ཞིབ་བྱེད་སྒོ་སྤེལ།
བོད་རང་སྐྱོང་ལྗོངས་སྐབས་དང་པོའི་བཟོ་རྩལ་རི་མོ་མཁས་ཅན་དཔྱད་ཞིབ་བྱེད་སྒོ་སྤེལ།


བོད་རང་སྐྱོང་ལྗོངས་སྐབས་དང་པོའི་བཟོ་རྩལ་རི་མོ་མཁས་ཅན་དཔྱད་ཞིབ་བྱེད་སྒོ་སྤེལ།

        ཟླ6པའི་ཚེས12ནས་ཚེས15བར། བོད་རང་སྐྱོང་ལྗོངས་སྐབས་དང་པོའི་བཟོ་རྩལ་རི་མོ་མཁས་ཅན་དཔྱད་ཞིབ་བྱེད་སྒོ་བོད་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་དུ་སྤེལ་ཞིང་། མཚམས་སྦྱོར་གནང་བ་ལྟར་ན། སྐབས་དང་པོའི་བཟོ་རྩལ་རི་མོ་མཁས་ཅན་ཡར་ཞུའི་རིགས་ལ་ལག་བཟོའི་རྐོས་རིས། ལག་བཟོའི་པར་འདེབས་ཚོས་རྒྱག  ལག་བཟོའི་གཙག་དྲུབ། ལག་བཟོའི་ས་གདན། ལྕགས་རིགས་བཟོ་རྩལ་སོགས་སྣ་ཁ་བརྒྱུད་འདུས་པ་རེད།


ཚེ་རིང་རྒྱ་མཚོས་ཡུལ་དངོས་སུ་ས་དམར་གྱིས་འབྲི་གཡག་བཟོ་བ།


བོད་ལྷམ་བཟོ་མཁན།

        བོད་ལྗོངས་ས་གནས་སོ་སོ་ནས་སླེབས་པའི་བཟོ་རྩལ་རི་མོའི་ལས་རིགས་ཀྱི་མི་སྣ38ཀྱིས་བྱེད་སྒོ་འདིར་ཡར་ཞུ་བྱས་ཤིང་། དེ་ལས་མི36ལ་ཆེད་མཁས་པའི་ཐོག་མའི་བཤེར་ཞིབ་བྱུང་། ཐེངས་འདིའི་དཔྱད་འདེམ་ནི་ཡུལ་དངོས་སྒྲིག་བཟོ་དང་། ཕྱོགས་བསྡུས་སྐར་གྲངས་དཔྱད་བསྡུར། ཐོབ་ཐང་ཞིབ་བཤེར་བཅས་རྣམ་གྲངས་གསུམ་བརྒྱུད་ཅིང་སྤྱིའི་སྐར་གྲངས་ཐོབ་པའི་ཐབས་ལམ་སྤྱད་དེ་ཡུལ་དངོས་ནས་སྐར་གྲངས་སྟེར་བ་རེད།


ས་གདན་འཐག་པ།


འབྲེལ་ཡོད་འོས་སྦྱོར།