མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དཔལ་བེའུ་རྟགས་མའི་ལ་གཞས་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ།

གླུ་བ་སྨོན་ལམ་རྒྱ་མཚོ།
གླུ་མ་ལྷ་རིས།
ཟླ6པའི་ཚེས7ནས་ཚེས8ཉིན། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དཔལ་བེའུ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་བསྡུར་སྐབས་གསུམ་པའི་བསྐྱར་རྩོད་འགྲན་སྡུར་དེ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་རྒྱུད། བློན་པོ་གསེར་ཆེན་རི་བོའི་འདབ་རོལ་སྐྱིད་ཉིན་ལུང་རྒྱ་ཡེ་རྩྭ་ཐང་དུ་བསྡུས་ཤིང་། མཚོ་ལྷོ་འགྲན་ཁུལ་དང་། མཚོ་བྱང་འགྲན་ཁུལ། མཚོ་ནུབ་འགྲན་ཁུལ་ནས་ཐོན་པའི་གླུ་བ་གླུ་མ30ཡིས་ཉིན་གཉིས་རིང་གླུ་འགྲན་བྱས་པ་བརྒྱུད་མཐར་མཚོ་ལྷོའི་གླུ་བ་སྨོན་ལམ་རྒྱ་མཚོ་དང་། གླུ་མ་འཕགས་མོ་མཚོ། འཕགས་མོ་སྒྲོལ་མ། མཚོ་བྱང་གི་གླུ་བ་སྟག་འབུམ་རྒྱལ་དང་ཀླུ་བྷ་ཚེ་རིང་། གླུ་མ་ལྷ་རིས་བཅས་མི་དྲུག་མཐའ་མཇུག་གི་འགྲན་བསྡུར་ཁྲོད་ཞུགས།
ཚེས9ཉིན། གོང་གི་གླུ་བ་གླུ་མ་དྲུག་གིས་ཉིན་གཅིག་རིང་ལ་གླུ་འགྲན་བྱས་ཏེ་གླུ་བ་སྨོན་ལམ་རྒྱ་མཚོ་དང་གླུ་མ་ལྷ་རིས་གཉིས་ཐེངས་འདིའི་ལ་གཞས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།
