logo

གསེར་ཆེན་རི་བོའི་མཆོད་བསྟོད་ཀྱི་རིག་རྩལ་སྤྲོ་ཚོགས་ཆེན་མོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-12 ཀློག་གྲངས།:

青海广播电视台走进藏区系列文艺演出
གེ་སར་ཟློས་གར་ཚོགས་པས་གླིང་སྒྲུང་འཁྲབ་སྟོན་བྱེད་བཞིན་པ།

རྡུང་ལེན་མཁན་པོ་དཔལ་མགོན་གྱིས་རྡུང་ལེན་ལེན་བཞིན་པ།


གླུ་བ་སྒྲོལ་མ་སྐྱབས་ཀྱི་སྐྱེས་ལྷ་བློན་པོ་གསེར་ཆེན་ཞེས་པའི་གླུ་གཞས་ལ་ཀུན་གྱིས་དགས་བསུ་ཆེན་མོ་ཐོབ།

  ཟླ6པའི་ཚེས11ཉིན། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་ཁང་གི《བོད་ཡུལ་དུ་བསྐྱོད་པ》ཞེས་པའི་མུ་འབྲེལ་རིག་རྩལ་སྤྲོ་ཚོགས་ཁག་དྲུག་པ་དང་། སྤྱི་ཉིན་ལུང་རིག་སྨོན་འཁྱམས་རུ་རབ་འོག་མ་སྡེ་བ་དང་ཨིར་སྟི་ཆོས་ཚ་སྡེ་བ་གཉིས་ཀྱིས་གཙོ་སྒྲུབ་གནང་བཞིན་པའི་གསེར་ཆེན་རི་བོའི་མཆོད་བསྟོད་ཅེས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་དེ་བློན་པོ་གསེར་ཆེན་རི་བོའི་འདབས་རོལ་ཏུ་གཟབ་རྒྱས་ངང་ཚོགས་པ་རེད།
  ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་སྟེང་རིག་འཛིན་སྒྲོལ་མ་དང་། དབྱངས་ཅན་ལྷ་མོ། ཚེ་དབང་ལྷ་མོ། གཡང་ཕྱུག་མཚོ། སྒྲོལ་མ་སྐྱབས། དཔལ་མགོན། སྒྲོལ་བྷེ། གདུགས་དཀར་ཡག་སོགས་མདོ་དབུས་ཁམས་གསུམ་གྱི་གླུ་བ་གླུ་མ་གྲགས་ཅན་དག་གདན་དྲངས་ནས་རྣ་བའི་བདུད་རྩི་རུ་འགྱུར་བའི་གླུ་གཞས་སྙན་མོ་དག་ཀུན་གྱི་སྙན་ལམ་དུ་ཕུལ་བར་མ་ཟད། མཚོ་ལྷོའི་གེ་སར་ཟློས་གར་ཚོགས་པ་དང་། དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་སོགས་ཀྱིས་རིག་རྩལ་་འཁྲབ་སྟོན་ཕུན་སུམ་ཚོགས་པ་སྤེལ་བ་རེད།


གླུ་མ་ཚེ་དབང་ལྷ་མོས་སྙན་གླུ་ཕུལ་བཞིན་པ།

གླུ་མ་གཡང་ཕྱུག་མཚོས་ཧི་མ་ལ་ཡའི་སྲས་མོ་ཞེས་པའི་གླུ་གཞས་ལེན་པ།


འབྲེལ་ཡོད་འོས་སྦྱོར།