logo

སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་སྡུར་ཟླ6པའི་ཚེས11ཉིན་སྤེལ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-08 ཀློག་གྲངས།:


སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་སྡུར་ལ་གྲ་སྒྲིག་བྱེད་བཞིན་པ།

སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་སྡུར་ལ་གྲ་སྒྲིག་བྱེད་བཞིན་པ།
香格里拉赛马节6月11日开跑
སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་སྡུར་ལ་གྲ་སྒྲིག་བྱེད་བཞིན་པ།

  རྒྱུས་ལོན་བྱུང་བ་ལྟར་ན། ཟླ6པའི་ཚེས11ཉིན་ནས་ཚེས13ཉིན་བར། སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་དེ་རྒྱལ་ཐང་གྲོང་རྡལ་དུ་སྤེལ་རྒྱུ་རེད། ཐེངས་འདིའི་འགྲན་སྡུར་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་ཞིང་། ཡུན་ནན་དང་། སི་ཁྲོན་གྱི་སྡེ་རོང་དང་ཆ་འཕྲིན། ཕྱག་ཕྲེང་སོགས་ཡུལ་སོ་སོའི་རྟ་བ་ལྔ་བརྒྱ་ལྷག་གིས་རྟ་རྩལ་འགྲན་སྡུར་སྤེལ་རྒྱུ་ཡིན་པར་མ་ཟད།  སེམས་ཀྱི་ཉི་ཟླའི་རྫོང་ནས་ཡོང་བའི་འཁྲབ་སྟོན་རུ་ཁག10ལྷག་དང་བོད་ཁམས་ཀྱི་གླུ་བ་གླུ་མ་དག་གདན་འདྲེན་ཞུས་ནས་མི་རིགས་ཀྱི་ཞབས་བྲོ་འཁྲབ་སྟོན་བྱ་རྒྱུ་རེད།
  ཐེངས་འདིའི་འགྲན་སྡུར་ལ་སྨི1000དང་། སྨི3000། སྨི5000། མགྱོགས་ཚད་འགྲན་སྡུར། རྟ་ཐོག་མདའ་འཕེན་པ། རྟ་ཐོག་ཁ་བཏགས་བཏུ་བ་སོགས་མི་རིགས་ཀྱི་ལུས་རྩལ་འགྲན་སྡུར་སྣ་ཚོགས་འདུས་པ་རེད།


འབྲེལ་ཡོད་འོས་སྦྱོར།