logo

བོད་ལྗོངས་ཟློས་གར་ཚོགས་པས་རྒྱལ་ཡོངས་ཀྱི་གཞས་རིགས་འགྲེམ་སྟོན་སྟེང་རོལ་མོ་དཀྲོལ་བའི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-07 ཀློག་གྲངས།:

西藏自治区藏剧团乐队在首次全国性乐种展演上获演奏奖
བོད་ལྗོངས་ཟློས་གར་ཚོགས་པས་རྒྱལ་ཡོངས་ཀྱི་གཞས་རིགས་འགྲེམ་སྟོན་སྟེང་རོལ་མོ་དཀྲོལ་བའི་བྱ་དགའ་ཐོབ་པ།

  ཉེ་ཆར། རྒྱལ་ཡོངས་རང་བཞིན་གྱི་ཀྲུང་གོའི་མི་རིགས་རོལ་དབྱངས་རོལ་དང་དམངས་ཁྲོད་གཞས་རིགས་འགྲེམ་སྟོན་དེ་ཧྲན་ཏུང་ནས་བསྡུས་ཤིང་། རྒྱལ་ཡོངས་ཀྱི་ཡུལ་སོ་སོ་ནས་ཡོང་བའི་རོལ་ཚོགས156འགྲན་བསྡུར་ལ་ཞུགས་པ་དང་། དེའི་ཁྲོད་རོལ་ཚོགས62ལ་བྱ་དགའ་ཐོབ།
  བོད་ལྗོངས་ནས་ཡོང་བའི་བོད་ཀྱི་ཟློས་གར་ཚོགས་པས་པི་ཝང་རྒྱུད་དྲུག་མ་གླིང་བུ་སོགས་སྤྱད་ནས་དཀྲོལ་བའི་མི་རིགས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི《ཟླ་བ་གཞོན་ནུ》ཞེས་པར་ཀྲུང་གོའི་མི་རིགས་རོལ་དབྱངས་དང་དམངས་ཁྲོད་གཞས་རིགས་འགྲེམ་སྟོན་གྱི་ལས་རིགས་རོལ་ཚོགས་ཀྱི་རོལ་མོ་དཀྲོལ་བའི་བྱ་དགའ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།