མདོ་སྨད་མང་རྫོང་བྲག་དཀར་སྡེ་བར་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་བཙུགས་པ།

ཁོར་ཡུག་གི་གད་སྙིགས་དང་འབག་རྩོག་ལ་གད་དར་བྱེད་པའི་ཚུལ།
ཉེ་སྔོན། མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གྲོང་བརྡལ་བྲག་དཀར་སྡེ་བའི་ནང་། ཕ་ས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་དངོས་སུ་བཙུགས་པ་རེད།
ཚོགས་པ་དེ་ནི་བྲག་དཀར་སྡེ་བའི་བོད་རིགས་ན་གཞོན་བཅུ་ཡིས་མ་བསྐུལ་དང་བླངས་ཀྱིས་གྲུབ་པ་ཞིག་ཡིན་ལ། དམངས་ཁྲོད་ཁོར་ཡུག་ཚོགས་པ་དེའི་འོས་འགན་གཙོ་བོ་ནི་བྲག་དཀར་སྡེ་བ་དང་།དགོན་པ།སློབ་གྲྭ་སོགས་ཀྱི་སྲང་ལམ་ཁོར་ཡུག གཙང་ཆུ།རྩྭ་ཐང་དང་ནགས་ཚལ། གཞུང་ལམ་སོགས་སུ་འབག་རྩོག་དང་གར་སྙིགས་ལ་གཙང་སྦྲ་བྱེད་རྒྱུ་དང་། ད་དུང་ནགས་ཚལ་ལ་གཏོར་བརླག་དང་ཆུ་མགོ་གཙང་ཆུ་འབག་རྩོག་བྱེད་པ་འགོག་པ།རྩྭ་ས་གང་འདོད་དུ་སློག་པ་འགོག་པ།གནས་རི་དང་གཞི་བདག ལབ་ཙེ་སོགས་ལ་སྲུང་སྐྱོབ་བྱེད་པའི་དང་བླངས་ཀྱིས་ཚོགས་པ་ཞིག་ཡིན།

ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དེའི་ཚོགས་མི་རྣམས།
ཚོགས་པ་དེའི་ཡོ་བྱད་དང་རླངས་འཁོར་སོགས་ནི་ཚོགས་པ་ཚོགས་མི་རྣམས་ཀྱིས་མ་དངུལ་བསྡུས་ནས་ཉོས་པ་ཞིག་ཡིན་ལ་ཟླ་རེའི་ནང་ཉིན་གཉིས་ཀྱིས་དུས་ཚོད་སྤྱད་ནས་བྱ་འགུལ་ཆེན་པོ་སྤེལ་ནས་རང་སྡེ་བའི་མང་ཚོགས་དང་།གཞན་ཡོང་འགྲུལ་བཞུད་སྤྲོ་གསེང་བྱེད་མཁན་དག་ལ་རང་འགུལ་གྱི་ཁོར་ཡུག་ལ་གཅེས་སྤྲས་དང་ས་གནས་ཀྱི་དམངས་སྲོལ་རིག་གནས་ལ་བརྩི་མཐོང་བྱེད་དགོས་པའི་གལ་ཆེན་རང་བཞིན་དྲིལ་བསྒྲོགས་དང་གསལ་འདེབས་བྱེད་པ་ཞིག་ཡིན།
