logo

མཚོ་ལྷོ་ཁུལ་བོད་སྨན་ཁང་གི་སྨན་ལུམས་ཕྱོགས་བསྡུས་ཐོག་ཁང་བསྐྲུན་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-30 ཀློག་གྲངས།:

海南州藏医院药浴诊疗综合大楼正式开工建设
འཛུགས་སྐྲུན་གྱི་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད།

མཚོ་ལྷོ་ཁུལ་དྲིལ་སྒྲོག་པུའི་པུའུ་ཀྲང་ཏུང་ཅའེ་རིན་གྱིས་འཛུགས་སྐྲུན་ལས་གཞི་འགོ་བརྩམས་པ་ཁྱབ་བསྒྲགས་བྱེད་པ།

  ཟླ5པའི་ཚེས30ཉིན། མཚོ་ལྷོ་ཁུལ་བོད་སྨན་ཁང་གི་སྨན་ལུམས་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་གྱི་མཛད་སྒོ་སྨན་ཁང་དེར་བསྡུས་ཤིང་། མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ཁུལ་བོད་སྨན་ཁང་གི་འགོ་ཁྲིད་དང་ལས་བཟོ་བ་རྣམས་འཛུགས་སྐྲུན་མཛད་སྒོའི་སྟེང་ཞུགས་པ་རེད།
  མཚོ་ལྷོ་ཁུལ་བོད་སྨན་ཁང་གི་སྨན་ལུམས་ཕྱོགས་བསྡུས་ཐོག་ཁང་ནི་ཅང་སུའུ་ཞིང་ཆེན་གྱིས་རོགས་སྐྲུན་བྱེད་པའི་གསེར་གྱི་ལྡེ་མིག་ཅེས་པའི་ལས་གཞི་ཞིག་ཡིན་ལ། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི4500ལྷག་བཏང་བ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ10472ཡོད་པ་རེད། ལས་གཞི་འདིའི་འཛུགས་སྐྲུན་གྱིས་མཚོ་ལྷོ་ཁུལ་བོད་སྨན་ཁང་གི་སྨན་བཅོས་ཁོར་ཡུག་དང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། མཚོ་ལྷོ་ཁུལ་གྱི་བོད་ལུགས་གསོ་རིག་བྱ་གཞག་གོང་དུ་སྤེལ་བར་དགེ་མཚན་དོད་པོ་ལྡན་པ་རེད། 


འབྲེལ་ཡོད་འོས་སྦྱོར།