ཀྲུང་གོའི་བོད་ལྗོངས་རིག་གནས་འབྲེལ་འདྲིས་ཚོགས་པས་ཁམ་ཕེ་ལཱ་སློབ་ཆེན་དུ་འཆད་ཁྲིད་གནང་བ།

ཀྲུང་གོའི་བོད་ལྗོངས་རིག་གནས་འབྲེལ་འདྲིས་ཚོགས་པས་ཁམ་ཕེ་ལཱ་སློབ་ཆེན་དུ་
འཆད་ཁྲིད་གནང་བ།(པར་རིས་ཡོང་ཁུངས། མི་དམངས་དྲ་བ)
ཉེ་སྔོན། ཀྲུང་གོའི་བོད་ལྗོངས་རིག་གནས་འབྲེལ་འདྲིས་ཚོགས་པས་ཨོ་སི་ཁྲོ་རི་ཡཱ་ཁམ་ཕེ་ལཱ་སློབ་ཆེན་དུ་བོད་ལྗོངས་ཀྱི་ཁོར་ཡུག་དང་། གནས་སྐོར། རིག་གནས། སློབ་གསོ་སོགས་བརྗོད་དོན་དུ་བཟུང་ནས་འབྲེལ་ཡོད་གཏམ་བཤད་གནང་བ་དང་། འཆད་ཁྲིད་ལ་ཞུགས་པའི་སློབ་མ་དག་དང་འབྲེལ་འདྲིས་ལེགས་པོ་བྱས།
ཚབ་བྱེད་ཚོགས་པའི་མི་སྣ་དང་། བོད་ལྗོངས་སློབ་ཆེན་གནས་སྐོར་དང་ཕྱི་སྐད་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་བསོད་ནམས་དབང་མོས་བོད་ལྗོངས་ཀྱི་གཞི་རྩའི་གནས་ཚུལ་དང་སློབ་གསོའི་གནད་དོན་གྱི་ཐད་ནས་གཏམ་བཤད་སྤེལ་ཞིང་། བོད་ལྗོངས་ཀྱི་སློབ་གསོའི་འཕེལ་རྒྱས་གནས་ཚུལ་ལ་ཅུང་ཆ་ཚང་བའི་མཚམས་སྦྱོར་གནང་། དེར་མཐུད་དེ་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་ཟླ་བ་ཚེ་རིང་གིས《བོད་ལྗོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ》ཅེས་པའི་གཏམ་བཤད་བརྒྱུད། ཞིབ་ཕྲའི་ངང་བོད་ལྗོངས་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལོ་རྒྱུས་དང་གནས་བབ་མཚམས་སྦྱོར་བྱས།

དགེ་རྒན་ཆེན་མོ་གཞོན་པ་བསོད་ནམས་དབང་མོས་གཏམ་བཤད་
སྤེལ་བཞིན་པ།(པར་རིས་ཡོང་ཁུངས། མི་དམངས་དྲ་བ)
དྲི་བ་དྲིས་ལན་གྱི་འབྲེལ་འདྲིས་བརྒྱུད་རིམ་དུ། འབྲེལ་འདྲིས་ཚོགས་པའི་ཚོགས་གཙོ་འཇིགས་མེད་དབང་ཚོགས་དང་། བསོད་ནམས་དབང་མོ། ཟླ་བ་ཚེ་རིང་བཅས་ཀྱིས་བོད་ལྗོངས་ཀྱི་གནས་སྐོར་དང་། སློབ་གསོ་སོགས་གནད་དོན་གྱི་ཐད་ནས་འདིར་ཞུགས་སློབ་མ་རྣམས་དང་འབྲེལ་འདྲིས་བྱས་ཤིང་། གནད་དོན་འདི་དག་ནི་སློབ་འབྲིང་སོགས་སློབ་གསོ་བོད་ལྗོངས་སུ་འཕེལ་རྒྱས་ཀྱི་གནས་ཚུལ་དང་། བོད་སྐད་སློབ་གསོའི་འཕེལ་རྒྱས། མཐོ་རིམ་སློབ་གསོའི་དགེ་རྒན་དཔུང་ཁག་གི་ཐོན་ཁུངས་བཅས་ལ་འབྲེལ་བ་མ་ཟད། བོད་ལྗོངས་གནས་སྐོར་གྱི་གསལ་འདེབས་དང་། བོད་ཁུལ་གྱི་འཛེམ་བྱ། གནས་སྐོར་ལམ་ཐིགས་ཀྱི་བསམ་ཚད། སྐྱེ་ཁམས་སྲུང་སྐྱོབ་སོགས་རྣམ་གྲངས་ལའང་དམ་པོར་འབྲེལ་ཡོད་པ་རེད།
ཟླ་བ་ཚེ་རིང་གིས་འབྲེལ་འདྲིས་བྱེད་དུས་གླེང་དོན། བོད་ལྗོངས་ཀྱིས་རང་སྟེང་གི་གནས་སྐོར་སྤུས་ཚད་མཐོར་འདེགས་ལ་དོ་སྣང་སྒོས་ས་གནས་ཀྱི་གནས་སྐོར་ཁྲོམ་ར་དང་སྐྱེ་ཁམས་གནས་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འོས་པར་འདོད།
