logo

མཚོ་ལྷོ་ཁུལ་གྱི་ལས་བྱེད་པ་རྣམས་ཀྱིས་ཁུལ་སྟོན་བསུ་བའི་རིག་རྩལ་འཁྲབ་ཚན་འཁྲབ་སྦྱོང་བྱེད་བཞིན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-23 ཀློག་གྲངས།:

海南州上千名干部职工积极参与60年州庆文艺节目排演活动
མཚོ་ལྷོ་ཁུལ་གྱི་ལས་བྱེད་པ་རྣམས་ཀྱིས་ཁུལ་སྟོན་བསུ་བའི་རིག་རྩལ་འཁྲབ་ཚན་འཁྲབ་སྦྱོང་བྱེད་བཞིན་པ།

 མཚོ་ལྷོ་ཁུལ་གྱི་ལས་བྱེད་པ་རྣམས་ཀྱིས་ཁུལ་སྟོན་བསུ་བའི་རིག་རྩལ་འཁྲབ་ཚན་འཁྲབ་སྦྱོང་བྱེད་བཞིན་པ།

  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་བསུ་བ་བྱེད་ཆེད་སྤྱི་ཟླ8པའི་ནང་མཚོ་ལྷོ་ཁུལ་གྱི་ལོ་འཁོར60ལོན་པའི་ཁུལ་སྟོན་ཚོགས་རྒྱུ་ཡིན་ཞིང་། དུས་དེར《འཆམ་མཐུན་གྱི་སྤྲོ་གླུ》ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་མོ་དང་། ལོ་འཁོར་དྲུག་ཅུའི་གྲུབ་འབྲས་འགྲེམ་སྟོན། བོད་ཀྱི་གྱོན་ཆས་རིག་གནས་སྒྱུ་རྩལ་བྱ་འགུལ། ཞང་གྲོང་གི་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱ་འགུལ་སོགས་འཁྲབ་སྟོན་བྱ་རྒྱུ་ཡིན་ལ། ད་ལྟ་བྱ་འགུལ་རིགས་སྣ་ཚོགས་གྲ་སྒྲིག་བྱེད་བཞིན་པའི་སྒང་རེད། 
   དེའི་ཁྲོད《འཆམ་མཐུན་གྱི་སྤྲོ་གླུ》ཞེས་པའི་རིག་རྩལ་འཁྲབ་སྟོན་གྱི་འཁྲབ་སྟོན་པ་འདེམ་གསེས་བྱས་ནས། འཁྲབ་ཚན་གྱི་འཁྲབ་སྦྱོང་བྱེད་བཞིན་པའི་སྒང་ཡིན་ཞིང་། རྩལ་འཁྲིད་པས་དོ་དམ་ནན་མོ་དང་འཁྲབ་སྟོན་པ་རྣམས་ཀྱིས་ཧུར་ཐག་གིས་སྦྱོང་བ་བྱས་པར་བརྒྱུད་ནས་ཞབས་བྲོའི་འཁྲབ་ཚན་སོ་སོའི་ཐོག་མའི་རྣམ་པ་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།