logo

བོད་ལྗོངས་མཚར་ཕུ་དགོན་པར་གོས་སྐུ་བཤམས་པའི་ཆོ་ག་སྤེལ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-22 ཀློག་གྲངས།:


གོས་སྐུ་བཤམས་པར་གྲ་སྒྲིག་བྱེད་བཞིན་པ།

གོས་སྐུ་བཤམས་པར་གྲ་སྒྲིག་བྱེད་བཞིན་པ།
西藏楚布寺举行展佛仪式
སྟོན་པའི་གོས་སྐུ་ཆེན་མོ་དད་ལྡན་མང་ཚོགས་ཀྱི་སྤྱན་ལམ་དུ་བཤམས་པ།

  ཟླ5པའི་ཚེས21ཉིན། ཉི་བཞོན་ཤར་རིའི་རྩེ་ནས་འཕགས་མ་ཐག་བོད་ལྗོངས་ལྷ་སའི་མཚར་ཕུ་དགོན་པའི་ལོ་གཅིག་ལ་ཐེངས་གཅིག་སྤེལ་བཞིན་པའི་གོས་སྐུ་བཤམས་པའི་ཆོ་ག་སྤེལ་འགོ་བརྩམས་ཤིང་། དགོན་པའི་བླ་གྲྭ་རྣམས་ཀྱིས་དུང་ཆེན་འབུད་པ་དང་། ཆོས་གསུངས་པ། སེར་སྐྱ་ཕོ་མོ་རྣམས་ཀྱིས་ཡིག་དྲུག་དབྱངས་སུ་གྱེར་བ་སོགས་ཀྱི་རྟེན་འབྲེལ་ཀུན་འགྲིག་གི་དུས་ཕུན་སུམ་ཚོགས་པ་དང་བསྡེབས་ནས་གོས་སྐུ་ཆེན་མོ་དེ་ང་ཚོའི་འདྲེན་བྱེད་ཀྱི་ལམ་དུ་རིམ་གྱིས་མངོན་ཡོང་།
  ལྷ་སའི་ནུབ་ཕྱོགས་ཀྱི་སྤྱི་ལེ70མཚམས་སུ་ཡོད་པའི་མཚར་ཕུ་དགོན་པ་ནི་ཀརྨ་བཀའ་རྒྱུད་ཀྱི་མ་དགོན་ཞིག་ཡིན་པ་དང་། ད་ལྟའི་བར་དུ་ལོ་ངོ800ལྷག་གི་ལོ་རྒྱུས་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།