logo

སྐབས་དང་པོའི་བི་ཤྭ་ཀརྨ་བུམ་པའི་དར་གཞོན་ཕུལ་བྱུང་ཅན་གྱི་ཐང་གའི་འགྲེམ་སྟོན་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-17 ཀློག་གྲངས།:

首届“嘎玛博秀杯”优秀中青年唐卡作品展在西南民大举行
སྐབས་དང་པོའི་བི་ཤྭ་ཀརྨ་བུམ་པའི་དར་གཞོན་ཕུལ་བྱུང་ཅན་གྱི་ཐང་གའི་འགྲེམ་སྟོན་གྱི་འགོ་རྩོམ་མཛད་སྒོ།

ཐང་གའི་བརྩམས་ཆོས་ཀྱི་འགྲེམ་སྟོན་ལ་གཟིགས་བཞིན་པ།

  ཟླ5པའི་ཚེས16ཉིན། ཀྲུང་གོའི་སྒྱུ་རྩལ་ཞིབ་འཇུག་གླིང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། སི་ཁྲོན་ཀརྨ་བི་ཤྭ་གངས་ཅན་སྒྱུ་རྩལ་རིག་གནས་དར་སྤེལ་ཚད་ལྡན་མཐུན་གཉེར་ཁང་གིས་རོགས་སྒྲུབ་བྱས་པའི་སྐབས་དང་པོའི་བི་ཤྭ་ཀརྨ་བུམ་པའི་དར་གཞོན་ཕུལ་བྱུང་ཅན་གྱི་ཐང་གའི་བརྩམས་ཆོས་འགྲེམ་སྟོན་ནམ་བོད་ཡིག་ཡིག་གཟུགས་བརྩམས་ཆོས་ཀྱི་གདན་ཞུ་འགྲེམ་སྟོན་དེ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སྤེལ་བ་རེད། བོད་ཀྱི་ཆེད་མཁས་ཐུབ་བསྟན་ཉི་མ་ལགས་དང་། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་ལགས། 《ཀུན་འདུས་ཞལ་ཐང་ཆེན་མོ》འབྲི་བཞེངས་བྱེད་མཁན་བརྩོན་འགྲུས་རབ་རྒྱས་ལགས་སོགས་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་པ་རེད།
  ཐེངས་འདིའི་འགྲེམ་སྟོན་བྱ་འགུལ་སྟེང་བོད་ལྗོངས་དང་སི་ཁྲོན། ཀན་སུའུ། མཚོ་སྔོན་བཅས་ནས་ཡོང་བའི་བོད་རྒྱའི་ལྷ་རིས་པ་དང་བོད་ཀྱི་ཡིག་མཁན་བརྒྱ་ལྷག་གི་བརྩམས་ཆོས་འགྲེམ་སྟོན་བྱས་ཤིང་། དེར་བརྒྱུད་ནས་བོད་ཀྱི་སྒྱུ་རྩལ་པ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་དང་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཉིང་བཅུད་མངོན་པར་མཚོན་པ་རེད།


སྐབས་དང་པོའི་བི་ཤྭ་ཀརྨ་བུམ་པའི་དར་གཞོན་ཕུལ་བྱུང་ཅན་གྱི་ཐང་གའི་འགྲེམ་སྟོན་གྱི་ཡུལ་དངོས།

  རྒྱུས་ལོན་བྱུང་བ་ལྟར་ན་ཐང་གའི་ལྷ་རིས་པ་དང་བོད་ཀྱི་ཡིག་མཁན་སོགས་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པར་དམིགས་ནས། རྒྱལ་ནང་གི་ཆེད་མཁས་གྲགས་ཅན་གདན་འདྲེན་ཞུས་ནས་ཞིབ་དཔྱད་བྱས་ཏེ། ཕུལ་དུ་བྱུང་བའི་བརྩམས་ཆོས30དཔྱད་འདེམས་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།