logo

ཡུན་ནན་བོད་ཀྱི་རིག་གནས་མཐུན་ཚོགས་བཙུགས་ནས་ལོ་འཁོར་ལྔ་ལོན་པའི་སྤྲོ་ཚོགས་བསྡུ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-16 ཀློག་གྲངས།:

演绎香格里拉魅力,共谱民族和谐乐章
ཡུན་ནན་བོད་ཀྱི་རིག་གནས་མཐུན་ཚོགས་བཙུགས་ནས་ལོ་འཁོར་ལྔ་ལོན་པའི་སྤྲོ་ཚོགས་བསྡུ་རྒྱུ་རེད།

  སེམས་ཀྱི་ཉི་ཟླའི་གཟི་དཔལ་ཡོངས་སུ་ངོམ་ཞིང་མི་རིགས་འཆམ་མཐུན་གྱི་སྙན་གླུ་མཉམ་དུ་ལེན་ཞེས་པའི2013ལོའི་ཡུན་ནན་མི་རིགས་སློབ་ཆེན་བོད་ཀྱི་རིག་གནས་མཐུན་ཚོགས་བཙུགས་ནས་ལོ་འཁོར་ལྔ་ལོན་པའི་སྤྲོ་ཚོགས་དེ་ཟླ5པའི་ཚེས17ཉིན་ཡུན་ནན་མི་རིགས་སློབ་ཆེན་དུ་བསྡུ་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་སྤྲོ་ཚོགས་སྟེང་བཀྲ་ཤིས་ཉི་མ་དང་ཀུན་དགའ། ནམ་མཁའ་མཚོ། དབྱངས་ཅན་ལྷ་མོ་སོགས་བོད་ཀྱི་གླུ་བ་རྣམས་གདན་འདྲེན་ཞུས་ཡོད་ཅིང་། ཁོང་ཚོས་བོད་ཀྱི་རིག་གནས་མཐུན་ཚོགས་བཙུགས་ནས་ལོ་འཁོར་ལྔ་ལོན་པར་བསྟོད་གླུ་འབུལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།