logo

ལྷ་སའི་སྤོམ་མདའ་ཚང་སོགས་གནའ་ཤུལ་བརྒྱད་རྒྱལ་ཡོངས་རིག་དངོས་སྲུང་སྐྱོབ་ཀྱི་མིང་ཐོར་ཚུད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-15 ཀློག་གྲངས།:


སྤོམ་མདའ་ཚང་གི་གནའ་ཤུལ།
喜德寺
བཞི་སྡེ་གྲྭ་ཚང་གི་གནའ་ཤུལ།

  རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་ཁྱབ་བསྒྲགས་བྱས་པའི་སྐོར་ཐེངས་བདུན་པའི་རྒྱལ་ཡོངས་ཀྱི་རིག་དངོས་གཙོ་ཤས་སྲུང་སྐྱོབ་ལས་ཁུངས་ཀྱི་མིང་ཐོ་རུ་ལྷ་སའི་བླ་བྲང་རྙིང་པ་དང་སྤོམ་མདའ་ཚང་སོགས་རིག་དངོས་ལས་ཁུངས་ཚུད་འདུག་ཅིང་། ལྷ་ས་གྲོང་ཁྱེར་གྱི་སྐོར་ཐེངས་དྲུག་པའི་རྒྱལ་ཡོངས་རིག་དངོས་གཙོ་ཤས་སྲུང་སྐྱོབ་ལས་ཁུངས་སུ་གྱུར་བ་རེད།
  ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་སྐོར་ཐེངས་བདུན་པའི་རྒྱལ་ཡོངས་ཀྱི་རིག་དངོས་གཙོ་ཤས་སྲུང་སྐྱོབ་ལས་ཁུངས1943ཁྲོད་བོད་ལྗོངས་ཀྱི་གནས19ཡོད་པ་དང་། དེ་ལས་ལྷ་ས་གྲོང་ཁྱེར་གྱི་གནས8ཡོད་པ་སྟེ། བླ་བྲང་རྙིང་པ་དང་། སྤོམ་མདའ་ཚང་། བསམ་གྲུབ་ཕོ་བྲང་། ཁྲོམ་གཟིགས་སྒང་། ལྷ་ཀླུ་ཕོ་བྲང་། བཞི་སྡེ་གྲྭ་ཚང་། སྨན་རྩིས་ཁང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བོད་སྡོད་འཐུས་ཚབ་ཀྱི་གཞུང་སྒྲུབ་ཁང་གི་གནས་རྙིང་བཅས་གནས་བརྒྱད་ཁོངས་སུ་ཚུད་འདུག
  དེའི་ཁྲོད་བླ་བྲང་རྙིང་པ་དང་། སྤོམ་མདའ་ཚང་། བསམ་གྲུབ་ཕོ་བྲང་། ཁྲོམ་གཟིགས་སྒང་། བཞི་སྡེ་གྲྭ་ཚང་། སྨན་རྩིས་ཁང་བཅས་གནའ་ཤུལ6ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པ་རུ་མངའ་ཞིང་། དེ་དག་གིས་ལྷ་སའི་གནའ་དེང་གི་ལོ་རྒྱུས་ཀྱི་འཕོ་འགྱུར་མཚོན་ཐུབ་པས། བོད་ལྗོངས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པའོ། །


འབྲེལ་ཡོད་འོས་སྦྱོར།