ཉིང་ཁྲི་རྫོང་གིས་བྱང་དཀར་སྲོལ་རྒྱུན་གྱི་རྟ་རྒྱུག་དུས་ཆེན་ཐོག་མ་སྤེལ་བ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-05-14
ཀློག་གྲངས།:
ཉེ་སྔོན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་རྫོང་གིས་བྱང་དཀར་སྲོལ་རྒྱུན་གྱི་རྟ་རྒྱུག་དུས་ཆེན་ཐོག་མ་སྤེལ་ཞིང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་ལྟད་མོ་བ་དང་ས་གནས་ཀྱི་མང་ཚོགས། དེ་མིན་ཡུལ་སྐོར་བ་དག་གནས་འདིར་སླེབས་ཏེ་རྟ་རྩལ་གྱི་ལྟད་མོ་གྱ་ནོམ་པ་ཞིག་མིག་གི་དགའ་སྟོན་དུ་བསུས།
རྟ་རྩལ་འཁྲབ་སྟོན་ནི་བོད་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ཞིག་ཡིན་ཞིང་། བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་མོ་བྱེད་པ་ཡིན། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་དུ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའི་རྟ་རྩལ་རུ་ཁག་གི་དྲག་ཤུགས་རབ་ཏུ་རྒྱས་པ་དང་། སྔར་ཐེངས་གཉིས་ལ་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སུ་ཞུགས་མྱོང་བ་མ་ཟད། 2011ལོའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་དགུ་བའི་སྟེང་གསེར་གྱི་བྱ་དགའ་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།