སྐབས་གཉིས་པའི་བླ་བྲང་པར་འགྲེམ་འགྲན་བསྡུར་མཇུག་སྒྲིལ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-05-13
ཀློག་གྲངས།:
སྐབས་གཉིས་པའི་བླ་བྲང་པར་འགྲེམ་འགྲན་བསྡུར་མཇུག་སྒྲིལ།
ཟླ5བའི་ཚེས10ཉིན། བསང་ཆུ་རྫོང་གིས་ཀན་ལྷོ་ཁུལ་པར་ལེན་པའི་མཐུན་ཚོགས་དང་མཉམ་འབྲེལ་སྒོས་ཇུས་འགོད་བྱས་པའི་སྐབས་གཉིས་པའི་ཀན་སུའུ་བླ་བྲང་པར་འགྲེམ་འགྲན་བསྡུར་ཡོངས་སུ་མཇུག་སྒྲིལ་བ་མ་ཟད་བྱ་དགའ་གནང་།
རྒྱུས་ལོན་པ་ལྟར་ན། 2012ལོའི་ཟླ8པར་ཐེངས་འདིའི་འགྲན་བསྡུར་གྱི་བརྩམས་ཆོས་བསྡུས་པ་ནས་བཟུང་དུས་ཡུན་ལོ་ཕྱེད་ཀྱི་རིང་ལ་སྤྱི་ཚོགས་ལས་རིགས་སོ་སོའི་གཟིགས་རྟོགས་དང་རྒྱབ་སྐྱོར་ཐོབ་ཅིང་། རྒྱལ་ཡོངས་ས་ཆ་སོ་སོའི་པར་ལེན་པ་དང་པར་ལེན་ལ་མོས་མཁན་དག་གི་བརྩམས་ཆོས308བསྡུས་པ་རེད།
ཀན་སུའུ་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱི་དབང་གྲགས་མི་སྣས་གྲུབ་པའི་དཔྱད་འདེམ་རུ་ཁག་གིས་བློ་ཞིབ་མོ་དང་བློ་གཟུར་བོས་བྱ་དགའ་ཨང་དང་པོ1དང་། ཨང་གཉིས་པ2། ཨང་གསུམ་པ3བཅས་ལེགས་འདེམ་བྱས།
འབྲེལ་ཡོད་འོས་སྦྱོར།