ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་ཨང་བཞི་བ་བླངས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-05-13
ཀློག་གྲངས།:
ཟླ5བའི་ཚེས11ཉིན། རྒྱལ་ཡོངས་སྐབས་བཅུ་གཉིས་པའི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་འགྲན་སྡུར་ཧྲིན་དབྱང་གྲོང་ཁྱེར་དུ་མཇུག་སྒྲིལ་ཞིང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ཨང་བཞི་བ་བླངས་པ་རེད།
འགྲན་སྡུར་མཇུག་སྒྲིལ་རྗེས། ཆོས་དབྱིངས་སྐྱིད་ཀྱིས་བཤད་རྒྱུར། 2012ལོའི་ཟླ11པར་ངའི་རྐང་པར་རྨས་ཕོག་པས་ཐེངས་འདིའི་འགྲན་བསྡུར་ཁྲོད་རང་གི་ནུས་ཤུགས་ཡོད་རྒུ་བཏོན་ནའང་བྱ་དགའ་ཨང་བཞི་བ་ལས་ལེན་མ་ཐུབ། ཡིན་ཡང་རྗེས་ཕྱོགས་མུ་མཐུད་དུ་སྦྱོང་བརྡར་ལེགས་པོ་དང་སྟ་གོན་བཟང་བོས2016ལོའི་པཱ་ཞི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་ཏེ་གྲུབ་འབྲས་ལེགས་པོ་ཞིག་ལེན་ཐུབ་པར་སྨོན་པ་ཡིན་ཟེར།
འབྲེལ་ཡོད་འོས་སྦྱོར།