logo

ནན་ཁའེ་སློབ་ཆེན་དུ་བོད་ཀྱི་རིག་གནས་དུས་ཆེན་གྱི་རིག་རྩལ་དགོང་ཚོགས་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།: དུས་ཚོད།:2013-05-10 ཀློག་གྲངས།:

体味原汁原味藏文化:南开大学藏文化节文艺晚会
ནན་ཁའེ་སློབ་ཆེན་དུ་བོད་ཀྱི་རིག་གནས་དུས་ཆེན་གྱི་རིག་རྩལ་དགོང་ཚོགས་བསྡུས་པ།

ནན་ཁའེ་སློབ་ཆེན་དུ་བོད་ཀྱི་རིག་གནས་དུས་ཆེན་གྱི་རིག་རྩལ་དགོང་ཚོགས་བསྡུས་པ།

  རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་ནན་ཁའེ་སློབ་ཆེན་དུ་སྐབས་བདུན་པའི་བོད་ཀྱི་རིག་གནས་དུས་ཆེན་གྱི་རིག་རྩལ་དགོང་ཚོགས་བསྡུས་པ་རེད།
  སློབ་གྲྭ་དེའི་བོད་རིགས་སློབ་མ་རྣམས་ཀྱིས་ཞབས་བྲོའི་འཁྲབ་སྟོན་དང་སྙན་འཇེབས་ཀྱི་བོད་གླུ། སྙན་ངག་གྱེར་འདོན་སོགས་བོད་ཀྱི་ཁྱད་ཆོས་མངོན་པར་དོད་པའི་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་པར་མ་ཟད། དགོང་ཚོགས་སྟེང་བོད་ཁམས་ཀྱི་ཡུལ་ཁོངས་སོ་སོ་ནས་ཡོང་བའི་སློབ་མ་རྣམས་ཀྱིས་རང་ཡུལ་གྱི་གྱོན་ཆས་གྱོན་ནས་སློབ་གྲྭ་དེ་གའི་མི་རིགས་གཞན་གྱི་སློབ་མ་རྣམས་ལ་ཐུན་མོང་མ་ཡིན་པའི་བོད་ཀྱི་གྱོན་ཆས་རིག་གནས་བརྗོད་པ་རེད།
  དགོང་ཚོགས་དེར་བརྒྱུད་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སློབ་མ་རྣམས་ཀྱིས་བོད་ཀྱི་རིག་གནས་ལ་རོལ་མྱོང་བྱེད་ཐུབ་ཅིང་། ཁོང་ཚོར་བོད་ཀྱི་རིག་གནས་སྐོར་གྱི་བག་ཆགས་ཟབ་མོ་ཞིག་བཞག་པའི་ཁར། རང་མི་རིགས་ཀྱི་སློབ་མ་རྣམས་ལ་དུས་ནམ་ཡིན་ཡང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པའི་གཞེན་སྐུལ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།