logo

མཚོ་སྔོན་དམངས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་རི་མོ་གཏན་ཁེལ་བྱས།

རྩོམ་པ་པོ།:འདམ་འཇིལ་ལི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-10 ཀློག་གྲངས།:


འགྲན་ཚོགས་མཚོན་རྟགས། སྤྲོ་འཛོམས་མཚོ་ནུབ། ཁྱད་འཕགས་དམངས་རྩལ་ཞེས་པའི་རི་མོ།

        མཚོ་སྔོན་ཞིང་ཆེན་གྱི་སྐབས་ལྔ་བའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས2013ལོའི་ཟླ8པའི་ཚེས26ཉིན་ནས་ཚེས30བར་དུ་གཏེར་ལེན་ཁ་གྲོང་ཁྱེར་ནས་སྤེལ་རྒྱུ་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་རིག་གནས་ལུས་རྩལ་གྱི་ལས་དོན་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་པའི་རྣམ་པ་མངོན་པ་དང་། ལྷག་ཏུ་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཁྱབ་སྒྲོག་བྱེད་པའི་ཆེད་དུ། ཆེད་མཁས་བའི་དཔྱད་བསྡུར་བརྒྱུད་འགྲན་ཚོགས་ཀྱི་ཚོགས་རྟགས་དང་བཀྲ་ཤིས་མཚོན་རྟགས་ཀྱི་རི་མོ། ཚོགས་གཞས་བཅས་གཏན་ཁེལ་བྱས།

མཚོ་སྔོན་དམངས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་རི་མོ་གཏན་ཁེལ་བྱས།
བཀྲ་ཤིས་པའི་མཚོན་རྟགས་ཀྱི་རི་མོ་འཕང་འབྲསQiqiཞེས་པ།

        འགྲན་ཚོགས་ཀྱི་མཚོན་རྟགས་ནི་ཧུའུ་ནན་ཞིང་ཆེན་ཕིན་ཏིན་གྲོང་ཁྱེར་གྱི་སྒྱུ་རྩལ་ལས་བཟོ་ཁང་གི་ཁྲིན་ཁའེ་ཡའེ་ཡིས་བཟོ་འགོད་བྱས་པའི“སྤྲོ་འཛོམས་མཚོ་ནུབ།  ཁྱད་འཕགས་དམངས་རྩལ”ཞེས་པ་གཏན་ཁེལ་བྱས་ཤིང་། བཀྲ་ཤིས་པའི་མཚོན་རྟགས་ཀྱི་རི་མོ་ནི་ ཀྲའེ་ཅང་ཞིང་ཆེན་ཝུན་ཀྲིག་གྲོང་ཁྱེར་གྱི་སའོ་ཀྲིན་ཀྲིན་གྱིས་བཟོ་འགོད་བྱས་པའི“འཕང་འབྲསQiqi”གཏན་ཁེལ་བྱས་པ་དང་། འགྲན་ཚོགས་ཀྱི་གླུ་གཞས་ནི་ཧའོ་པའེ་ཞིང་ཆེན་ཧོང་མའེ་རྫོང་གི་ཝང་ཞའོ་ལིན་གྱིས་ཚིག་བརྩམས་པ་དང་ཝང་ཝུན་ཏུན་གྱིས་དབྱངས་བརྩམས་པའི་མཚོ་ནུབ་ཀྱི་ཞལ་མཇལ་ཞེས་པ་གཏན་ཁེལ་བྱས།


འབྲེལ་ཡོད་འོས་སྦྱོར།