ཐེམ་ཆེན་རྫོང་གིས་སྐབས་བདུན་པའི་ལས་བཟོ་བའི་རྒྱང་རྒྱུག་འགྲན་བསྡུར་སྤེལ་བ།

རྒྱུག་འགྲན་བྱེད་བཞིན་པ།
ལོ་རེའི་སྤྱི་ཟླ་བདུན་པ་དང་བརྒྱད་པའི་ནང་། ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ། རྫོང་ཁོང་གཏོགས་ཀྱི་ལས་བཟོ་བའི་རྒྱང་རྒྱུག་འགྲན་བསྡུར་སྤེལ་གྱིན་ཡོད་ལ། ད་ལོར་ཡང་། རྫོང་སྤྱི་ཁྱབ་བཟོ་ཚོགས་དང་། རྫོང་ས་གནས་ཁྲལ་དོན་ཅུའུ། རྫོང་རྒྱལ་ཁོངས་ཁྲལ་དོན་ཅུའུ། རྫོང་ཞིན་ཆིན་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ལས་བཟོ་བའི་རྒྱང་རྒྱུག་འགྲན་བསྡུར་དེ་སྤེལ་མགོ་བརྩམས།

བྱ་དགའ་ཐོབ་མཁན་གྱི་འགྲན་རྒྱུག་པ་དག
ཐེངས་འདིའི་རྒྱང་རྒྱུགས་འགྲན་བསྡུར་ལ་ཚན་ཁག་ཆེན་མོ་བཞི་རུ་དགར་ཡོད་ལ། དེ་དག་ནི་སོ་སོར་སྐྱེས་པའི་དར་མའི་ཚན་ཁག་དང་གཞོན་པའི་ཚན་ཁག སྐྱེས་མའི་དར་མའི་ཚན་ཁག་དང་གཞོན་པའི་ཚན་ཁག་བཅས་ཡིན་ལ། འགྲན་བསྡུར་མཇུག་རྫོགས་རྗེས། འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱིས་འགྲན་ཞུགས་བྱ་དགའ་ཐོབ་པའི་ལུས་རྩལ་པ་རྣམས་ལ་བྱ་དགའི་དཔང་ཡིག་གནང་ཞིང་། ཐེངས་འདིར་བྱ་དགའི་དངུལ་བསྡོམས་པའི་སྒོར་ཁྲི25600གནང་།
འགྲན་བསྡུར་བརྒྱུད། ལུས་རྩལ་པ་རྣམས་ཀྱིས་རང་ཉིད་ཀྱི་འཇོན་ཐང་ཁོ་ན་ཞིག་མངོན་པ་མ་ཡིན་པར། ཐེམ་ཆེན་རྫོང་གི་རྒྱ་ཆེའི་ལས་བཟོ་བའི་རིག་གནས་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཐེམ་ཆེན་རྫོང་གི་ལུས་རྩལ་བྱ་བ་སྐུལ་སྤེལ་གཏོང་བར་རྨང་གཞི་ཟབ་མོ་ཞིག་བཏིངས།
