logo

སྐལ་བཟང་ཐང་ག་དང་ཡོན་ལིན་ཐེབས་རྩ་མཉམ་འབྲེལ་སྒོས་བྱང་ཆུབ་མཚན་ལེགས་ཐང་ག་དགེ་བའི་འགྲེམ་སྟོན་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-07 ཀློག་གྲངས།:

སྐལ་བཟང་ཐང་ག་དང་ཡོན་ལིན་ཐེབས་རྩ་མཉམ་འབྲེལ་སྒོས་བྱང་ཆུབ་མཚན་ལེགས་ཐང་ག་དགེ་བའི་འགྲེམ་སྟོན་སྤེལ།
སྐལ་བཟང་ཐང་ག་དང་ཡོན་ལིན་ཐེབས་རྩ་མཉམ་འབྲེལ་སྒོས་བྱང་
ཆུབ་མཚན་ལེགས་ཐང་ག་དགེ་བའི་འགྲེམ་སྟོན་སྤེལ།


ཐང་ག

        ཉེ་ལམ། བྱང་ཆུབ་མཚན་ལེགས་ཐང་ག་སྒྱུ་རྩལ་དགེ་བའི་འགྲེམ་སྟོན་དེ་ཧྲང་ཧེ་རུ་སྤེལ། ཡོན་ལིན་ཐེབས་རྩས་སྒྱུ་རྩལ་གྱི་ལམ་ནས་དགེ་རྩའི་ལས་ལ་གཞོལ་ཏེ་བྱིས་པར་ཉམས་ཅན་ལ་རོགས་སྐྱོར་གནང་བ་ཡིན་ལ། ཐེངས་འདིའི་ཡོན་ལིན་ཐེབས་རྩ་དང་སྐལ་བཟང་ཐང་ག་མཉམ་འབྲེལ་བྱས་པའི་དགེ་རྩའི་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་ནི་མི་རྣམས་ཀྱིས་འཛམ་གླིང་རིམ་པའི་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་ཐང་ག་ལ་གཟིགས་རྟོགས་དང་སྲུང་སྐྱོབ་བྱེད་པར་སྐུལ་བ་དང་ཆབས་ཅིག  འགྲེམ་སྟོན་སྐབས་སུ་ཚོང་བྲིན་གྱི་ཡོང་སྒོ30%ནི་དབུལ་ཕོངས་ས་ཁུལ་གྱི་བྱིས་པ་ཉམས་ཅན་གྱི་སྨན་བཅོས་དང་སློབ་གསོ། འཚོ་བའི་ཐད་བཅས་ལ་རོགས་རམ་བྱེད་པ་ཡིན་ནོ།།


འགྲེམ་སྟོན་གྱི་བློ་འདོན་པ་སྐལ་བཟང་།


མཚམས་སྦྱོར་བྱེད་བཞིན་པ།

        འགྲེམ་སྟོན་དུ་བཤམས་པའི་ལེགས་འདེམ་ཐང་ག40ལྷག་ནི་མཚོ་སྔོན་དང་། བོད་ལྗོངས། བལ་བོ་སོགས་ཀྱི་བྲིས་ཐང་དང་། འཚེམ་ཐང་། དར་ཐང་།  གཙགས་དྲུབས་བཅས་སྣ་བཞི་འདུས་ཤིང་། ཐང་ག་ལེགས་པོ་ཞིག་ཡིན་ན་ཚོན་མདོག30དང་། ལ་ཤས་ནི་ཚོན་མདོག40ནས50ཡིས་འབྱུག་པ་ཡིན། ཆེས་སྲོལ་རྒྱུན་གྱི་ཐང་ག་ནི་བྱུ་རུ་ལས་དམར་པོ་དང་། གཡུ་ལས་ལྗང་ཁུ། མུ་ཏིག་ལས་དཀར་པོ། དེ་མིན་གསེར་མདོག་དང་དངུལ་མདོག་ནི་ལྷད་མེད་པའི་གསེར་དང་དངུལ་ལས་བཟོ་བ་ཡིན་ལ། འདིའི་སྟེང་ཆེས་ཆེ་བའི་ཐང་ག་འགའི་བཟོ་སྐྲུན་དུས་ཡུན་ནི་ཟླ་བ28ལྷག་གི་ཡན་དུ་འཁུམས།

བརྙན་གཟུགས་སྦྲེལ་གནས།


འབྲེལ་ཡོད་འོས་སྦྱོར།