logo

ཐེམ་ཆེན་རྫོང་གིས་གཡག་རྔའི་ས་འགུལ་གནོད་ཐེབས་སུ་སྒོར187738ཞལ་འདེབས་སུ་ཕུལ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-07 ཀློག་གྲངས།:

        སི་ཁྲོན་གཡག་རྔ་ས་ཁུལ་དུ་ཚད་རིམ་བདུན་ཚེག་ཐིག་གི་ས་འགུལ་བྱུང་རྗེས་སུ། ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་སྤྱིའི་བཟོ་ཚོགས་ཀྱིས་དེ་མ་ཐག་རྩ་འཛུགས་བྱས་ཏེ་ཞལ་འདེབས་ཕུལ་བའི་བྱ་འགུལ་སྤེལ།

        དེ་ཡང་རྒྱ་ཆེ་བའི་ལས་བཟོ་བ་ཡོངས་ཀྱིས་ཕྱོགས་གཅིག་ལ་གནོད་འཚེ་ཐབས་ན། ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་པའི་རྩ་དོན་ལྟར།  གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་མགོ་བརྩམས་པ་དང་། ཟླ4བའི་ཚེས27ཉིན་གྱི་ཕྱི་དྲོའི་ཆུ་ཚོད4ཡི་སྟེང་བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིར་བསྡོམས་པའི་སྒོར187738ཞལ་འདེབས་སུ་གནང་ཡོད་ལ། དེ་ཡང་སྔ་ཕྱིར་ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་སྤྱིའི་བཟོ་ཚོགས་ཀྱིས་སྣེ་ཁྲིད་དེ།  2008ལོའི་བུན་ཁྲོན་ས་འགུལ་དང་། 2010ལོའི་ཡུས་ཧྲུའུ་ས་འགུལ་སོགས་ལ་ཡང་གནོད་འཚེ་ཐེབས་མ་ཐག  བྱམས་བརྩེ་ཡི་ལག་ཟུང་བརྐྱངས་ནས་ཞལ་འདེབས་ཀྱི་མ་དངུལ་གང་རུང་གནང་ཅི་ཐུབ་བྱས་ཡོད་པའོ།།


འབྲེལ་ཡོད་འོས་སྦྱོར།