བོད་ལྗོངས་ཀྱི་བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་དེ་དྲུག་གཅིག་ལ་སྒོ་འབྱེད་རྒྱུ་རེད།
ལྷ་ས་གྲོང་ཁྱེར་བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་གྱི་འདྲ་རིས།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་གྱི་སྤྲོ་གསེང་རོལ་རྩེད་ཀྱི་སྒྲིག་ཆས་ཕལ་ཆེར་བསྒྲིགས་ཚར་ཞིང་། མིག་སྔའི་མགྱོགས་ཚད་ལྟར་ན་ད་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་དངོས་སུ་སྒོ་འབྱེད་ཐུབ་རྒྱུ་རེད།
བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་ནི་གཙོ་བོ་སྤང་ཐང་གིས་གྲུབ་པའི་སྤྱི་ཕན་རང་བཞིན་གྱི་གྲོང་ཁྱེར་སྤྱི་གླིང་ཞིག་ཡིན་ལ། སྐྱེ་ཁམས་དང་རིག་གནས། སློབ་གསོ། ངལ་གསོ། སྤྲོ་གསེང་རོལ་རྩེད་བཅས་བདག་ཉིད་གཅིག་ཏུ་སྦྲེལ་ཐོག དུས་རབས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་དེང་རབས་ཀྱི་བྱིས་པའི་དགའ་ཚལ་ཞིག་རེད།
བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་ནི་པེ་ཅིང་གྲོང་ཁྱེར་གྱིས་ལྷ་སར་རོགས་བསྐྲུན་བྱེད་པའི་ལས་གཞི་གཙོ་གྲས་ཤིག་ཡིན་ཞིང་། དེ་ནི་པེ་ཅིང་མི་དམངས་ཀྱིས་བོད་ལྗོངས་ཀྱི་བྱིས་པ་རྣམས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་རེད།