logo

འབའ་ལྷག་དཀར་རྫོང་གི་ལྷན་འཛོམས་ཞེས་པའི་གཞས་གཏོང་འོས་སྦྱོར་སྤྲོ་ཚོགས་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-05 ཀློག་གྲངས།:

走进香格里拉·相约巴拉格宗演唱推介会举行
འབའ་ལྷག་དཀར་རྫོང་གི་ལྷན་འཛོམས་ཞེས་པའི་གཞས་གཏོང་འོས་སྦྱོར་སྤྲོ་ཚོགས་བསྡུས་པ།

བོད་ཀྱི་གླུ་བས་འབའ་ལྷག་དཀར་རྫོང་ལ་བསྟོད་གླུ་ལེན་པ།

  ཟླ4པའི་ཚེས26ཉིན། འབའ་ལྷག་དཀར་རྫོང་གི་ལྷན་འཛོམས་ཞེས་པའི་གཞས་གཏོང་འོས་སྦྱོར་སྤྲོ་ཚོགས་ཡུན་ནན་ཁོན་མུན་ནས་བསྡུས་པ་རེད།  སྤྲོ་ཚོགས་སྟེང་བོད་ཀྱི་གླུ་བ་གྲགས་ཅན་རྣམས་ཀྱིས་འབའ་ལྷག་དཀར་རྫོང་གི་གཟི་དཔལ་ལ་སྙན་མོ་རྣ་བའི་བདུད་རྩི་རུ་འགྱུར་བའི་བསྟོད་གླུ་ཕུལ་བ་རེད།
  རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གཞས་གཏོང་འོས་སྦྱོར་སྤྲོ་ཚོགས་སྟེང་བོད་ཀྱི་གླུ་བ་ཀུན་དགའ་དང་དབྱངས་ཅན་ལྷ་མཛེས། བཀྲ་ཤིས་ཉི་མ་སོགས་བོད་ཁམས་ཀྱི་གླུ་བ་གྲགས་ཅན་གདན་འདྲེན་བྱས་ཡོད་ཅིང་། ཁོང་ཚོས་འབའ་ལྷག་དཀར་རྫོང་གྱི་མཛེས་ལྗོངས་ཀྱི་བསྟོད་གླུ་ལེན་པ་དང་། ཁྱད་དུ་འཕགས་པའི་ཕྱི་སྣོད་ཀྱི་བཀོད་པ་ངོ་སྤྲོད་བྱེད་པ། མཛེས་ལྗོངས་ཀྱི་དངོས་བྲིས་གློག་བརྙན་གཏོང་བ་བཅས་ཀྱི་རྣམ་པ་བརྒྱུད་ནས་ཡུལ་དེ་གའི་མངོན་པར་མཛེས་པའི་དཔལ་ཀུན་གནས་སྐོར་བ་རྣམས་ཀྱི་མཐོང་ལམ་དུ་མངོན་འདུག


འབྲེལ་ཡོད་འོས་སྦྱོར།