logo

དམངས་སྲོལ་བྲོ་གར་ཆེན་མོ《སེམས་ཀྱི་ཉི་ཟླ》ཞེས་པ་འཁྲབ་སྟོན་བྱེད་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-04 ཀློག་གྲངས།:

大型民俗舞蹈诗画《香格里拉》
དམངས་སྲོལ་བྲོ་གར་ཆེན་མོ《སེམས་ཀྱི་ཉི་ཟླ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།
དམངས་སྲོལ་བྲོ་གར་ཆེན་མོ《སེམས་ཀྱི་ཉི་ཟླ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

  ཟླ4པའི་ཚེས26ཉིན། རྒྱལ་སྤྱི་དང་རྒྱལ་ནང་གི་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་དམངས་སྲོལ་བྲོ་གར་ཆེན་མོ《སེམས་ཀྱི་ཉི་ཟླ》ཞེས་པ་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་འཁྲབ་སྟོན་བྱས།   《སེམས་ཀྱི་ཉི་ཟླ》ཞེས་པའི་བྲོ་གར་ཆེན་མོ་འདིའི་ཁྲོད་དུ་ཡུལ་སྲོལ་གོམས་གཤིས་དང་ཁྱིམ་གཞི་སོགས་ཁག་ལྔས་གྲུབ་ཅིང་། སེམས་ཀྱི་ཉི་ཟླ་དེ་བརྗོད་གཞི་རུ་བཟུང་ནས་གླུ་གར་གྱི་རྣམ་པས་ཞི་བདེ་དང་ལྷིང་འཇགས། བཀྲ་ཤིས་འཆམ་མཐུན་བཅས་ཡིན་པའི་སེམས་ཀྱི་ཉི་ཟླའི་མི་རིགས་ཀྱི་རིག་གནས་དང་ཁྱད་དུ་འཕགས་པའི་ཡུལ་གྱི་བཀོད་པ་མངོན་པར་མཚོན་ཡོད་པས། དེ་ནི་ལྟད་མོ་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བའི་སེམས་ཀྱི་ཉི་ཟླའི་ཡུལ་གྱི་རིག་གནས་ཀྱི་གསོལ་སྟོན་ཆེན་མོ་ཞིག་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།