logo

བྱམས་བརྩེ་ཐེབས་རྩ་ཚོགས་པས་གཡག་རྔ་གྲོང་ཁྱེར་གྱི་གནོད་ཐེབས་ས་ཁུལ་ལ་རོགས་རམ་གནང་བ།

རྩོམ་པ་པོ།:ཟླ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-22 ཀློག་གྲངས།:

 慈善基金会救援灾区
བྱམས་བརྩེ་ཐེབས་རྩ་ཚོགས་པས་གཡག་རྔ་གྲོང་ཁྱེར་གྱི་གནོད་ཐེབས་ས་ཁུལ་ལ་རོགས་རམ་གནང་བ།

དང་བླངས་པ་རྣམས་ཀྱིས་གནོད་སེལ་རྒུད་སྐྱོབ་ཀྱི་དངོས་ཟོང་སྐྱེལ་བཞིན་པ།

  ཟླ4པའི་ཚེས20ཉིན་གྱི་ཞོགས་པའི་དུས་ཚོད8དང་སྐར་མ2སྟེང་། ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ་ཚད་རིམ7གྱི་ས་འགུལ་བྱུང་ནས་དུས་ཚོད་གསུམ་མ་འགོར་བར་བོད་ཀྱི་བྱམས་བརྩེའི་ལས་འགུལ་བ་སྤྲུལ་སྐུ་རྒྱ་མཚོ་ཡི་བྱམས་བརྩེ་ཐེབས་རྩ་ཚོགས་པ་ཐོག་དང་པོར་ས་འགུལ་གྱི་གནོད་སྐྱོན་ཐེབས་པའི་སར་ཐོན་ཞིང་། ཟླ4པའི་ཚེས22ཉིན་རས་གུར་བརྒྱ་ལྷག་དང་ཟས་གོས། སྨན་རིགས་སོགས་དཀའ་ཁག་ཐེབས་པའི་གནས་སོ་སོར་བསྐྱལ་ཞིང་། ད་ལྟ་ཀྲུང་གོའི་མིང་དུ་གྲགས་པའི་མདོ་འཛིན་པ་ཞེ་ནཱ་དང་གཞས་པ་ཀྲང་ཅེ་བཟའ་ཟླ་གཉིས་གཙོས་ཞིང་ཆེན་སོ་སོའི་བྱམས་བརྩེའི་ལས་འགུལ་བ་དག་མཉམ་འབྲེལ་བྱས་ནས་རས་གུར་སྟོང་གཅིག་ལྷག་དང་ཟས་རིགས་སྣ་ཚོགས། གྱོན་གོས་སྣ་ཚོགས། སྨན་རིགས་སོགས་དུས་ཐོག་གི་སྦྲང་ཆར་ཇི་བཞིན་གནོད་སྐྱོན་ས་ཁུལ་ལ་སྐྱེལ་བར་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད་བཞིན་འདུག 
  ཉིན་འདི་དག་ལ། ཁྲིན་ཏུའུ་རུ་བྱམས་བརྩེ་ཐེབས་རྩ་ཚོགས་པའི་ལས་བཟོ་བ་བཞི་བརྒྱ་ལྷག་གིས་རྒྱལ་ཡོངས་ཕྱོགས་སོ་སོ་ནས་འབྱོར་བའི་བྱམས་བརྩེའི་དངོས་ཟོང་བསྡུ་རུབ་བྱེད་བཞིན་ཡོད་ལ། ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ་ཡང་བྱམས་བརྩེ་ཐེབས་རྩ་ཚོགས་པའི་ལས་བཟོ་བ་དག་གིས་མཚམས་མ་ཆད་པར་ཟས་གོས་དང་སྨན་སོགས་རོགས་སྐྱོར་མཁོ་བའི་གནས་དག་ལ་རྒྱུས་ལོན་དང་མྱུར་སྐྱོབ་བྱས་ནས་གནོད་སེལ་ལ་འབད་བཞིན་ཡོད། མིག་སྔར་རོགས་སྐྱོར་གནང་མཁན་གྱི་ཐེབས་རྩ་ཚོགས་པ་དག་ལས་ཨང་དང་པོའི་གྲས་སུ་འདུག་ལ། བྱམས་བརྩེ་ཐེབས་རྩ་ཚོགས་པས། བརྩེ་བ་ལ་མཐའ་མེད་པའི་གཞན་ཕན་གྱི་ལྷག་བསམ་ཀུན་ནས་བསླངས་ཏེ་རང་བྱུང་གི་གནོད་འཚེའི་སྔུན་ནས་གནོད་སྐྱོན་ཐེབས་པའི་མི་ཐམས་ཅད་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།