ཡུལ་ཤུལ་རོགས་སྐྱོབ་རུ་ཁག་གནོད་ཐེབས་ས་ཁུལ་ལ་ཐོན་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-04-22
ཀློག་གྲངས།:
ཟླ4པའི་ཚེས21ཉིན་གྱི་ཕྱི་དྲོའི་ཆུ་ཚོད16དང་སྐར་མ40ཡི་སྟེང་། སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཉེན་སེལ་མྱུར་སྐྱོབ་བཀོད་འདོམས་པུའུ་རུ་བསྐྱོད་པའི་ཡུལ་ཤུལ་ཁུལ་གྱི་སྔོན་མངག་རུ་ཁག་མི72གནོད་ཐེབས་ས་ཁུལ་གྱི་དཀྱིལ་སྙིང་སྟེ་ལུའུ་ཧྲན་རྫོང་ལ་ཐོན་ནས། མྱུར་བ་མྱུར་དུ་གནོད་སེལ་རྒུད་སྐྱོབ་ཁྲོད་ཞུགས་པ་རེད།
ཚེས20ཉིན་གྱི་སྔ་དྲོའི་ཆུ་ཚོད10ཡི་སྟེང་། སྔོན་མངག་རུ་ཁག་དེ་ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་རྡལ་ནས་ལམ་ལ་ཆས་ཏེ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་སེར་ཤུལ་དང་། དཀར་མཛེས། ཉག་ཆུ། དར་རྩེ་མདོ། ལྕགས་ཟམ། དེ་ནས་གཡག་རྔ་གྲོང་ཁྱེར་གྱི་ཐཱན་ཆོན་རྫོང་བཅས་བརྒྱུད་ནས། ཚེས21ཉིན་གྱི་ཕྱི་དྲོར་ལུའུ་ཧྲན་རྫོང་ལ་བསླེབས་པ་རེད།
ཡུལ་ཤུལ་གྱི་དམིགས་བསལ་ཉེན་རྟོག་པ24དང་སྨན་བཅོས་མི་སྣ36བཅས་ཀྱིས་གནོད་ཐེབས་ས་ཁུལ་གྱི་སོ་སོའི་ཚན་ཁག་ལ་མིང་ཐོ་བཀོད་ནས་རོགས་སྐྱོབ་བྱེད་པར་སྟ་གོན་བྱས་ཤིང་། ཡུལ་ཤུལ་ཁུལ་ནས་ཡོང་བའི་སྨན་བཅོས་མི་སྣས་སྨན་རྫས་དང་སྨན་དཔྱད་ཡོ་ཆས་སོགས་གནས་སྐབས་ཀྱི་བཀོད་སྒྲིག་ས་གནས་སུ་སྐྱེལ་བ་རེད།

འབྲེལ་ཡོད་འོས་སྦྱོར།