བོད་ལྗོངས་སྟག་རྩེ་རྫོང་དུ2013ལོའི་བོད་སྤོས་བཟོ་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
                    རྩོམ་པ་པོ།:བདེ་ཆེན་མཚོ།
                    ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
                    དུས་ཚོད།:2013-04-15
                    ཀློག་གྲངས།:
                        
                    
                
                                
                
བོད་ལྗོངས་སྟག་རྩེ་རྫོང་དུ2013ལོའི་བོད་སྤོས་བཟོ་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
  ཟླ4པའི་ཚེས9ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ2013ལོའི་བོད་སྤོས་བཟོ་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། རོང་འབྲོག་མང་ཚོགས40ལྷག་ཐེངས་འདིའི་ཟླ2རིང་གི་གསོ་སྦྱོང་ལ་ཞུགས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན་གསོ་སྦྱོང་མཇུག་བསྒྲིལ་རྗེས་ཡུལ་དེའི་ཁེ་ལས་སུ་ལས་ཀར་ཞུགས་སུ་འཇུག་རྒྱུ་རེད།
  རྫོང་འདིས་རྗེས་སོར་རོང་འབྲོག་མང་ཚོགས་ཀྱི་དངོས་བཀོལ་ལག་རྩལ་གསོ་སྦྱོང་དང་། ངལ་རྩོལ་བ་བརྗེ་སྤོར་གྱི་གསོ་སྦྱོང་། ལས་ཞུགས་ཁྲིད་སྟོན་རང་བཞིན་གྱི་གསོ་སྦྱོང་སོགས་སྤེལ་རྒྱུ་ཡིན་ཞིང་། འཆར་གཞི་ལྟར་ན་རོང་འབྲོག་མང་ཚོགས3000ལྷག་ཞུགས་རྒྱུ་རེད།
                འབྲེལ་ཡོད་འོས་སྦྱོར།
                
            
         
             
                 
            
