logo

མཚོ་སྔོན་ཡུལ་ཤུལ་དུ་སྨོན་ལམ་འདེབས་པའི་ཆོས་ཚོགས་ཆེན་མོ་ཚོགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-15 ཀློག་གྲངས།:


འདམ་མཁར་དགོན་པའི་བཀྲ་ཤིས་སྒང་དུ་གོས་སྐུ་བཤམས་པ།
名年幼的僧侣吹响手中的海螺和“江蓝
སྨོན་ལམ་འདེབས་པའི་ཆོས་ཚོགས་ཆེན་མོ་ཚོགས་བཞིན་པ།

 ཟླ4པའི་ཚེས14ཉིན། 4.14ཡུལ་ཤུལ་གྱི་ས་ཡོམ་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་སྨོན་ལམ་འདེབས་པའི་ཆོས་ཚོགས་ཆེན་པོ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་བརྡལ་འདམ་མཁར་ལྷུན་གྲུབ་བདེ་ཆེན་ཆོས་འཁོར་གླིང་དུ་ཚོགས་པ་རེད།
  བོད་ལྗོངས་དང་ཀན་སུའུ། སི་ཁྲོན། མཚོ་སྔོན་སོགས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ནས་ཡོང་བའི་གྲྭ་བཙུན་སྟོང་ཕྲག་ལྷག་ཆོས་ཚོགས་ལ་ཞུགས་ཤིང་། སྔ་དྲོ་ཉི་གཞོན་ཤར་རིའི་རྩེ་ནས་འཕགས་མ་ཐག  གྲྭ་བཙུན་རྣམས་ཀྱིས་དུང་ཆེན་འབུད་པ་དང་ཆོས་གསུངས་པ་དང་བསྡོངས། སྲིད་ལ་སྨི70དང་ཞེང་ལ་སྨི50ཡོད་པའི་གོས་སྐུ་ཆེན་མོ་དད་ལྡན་སེར་སྐྱ་ཡོངས་ཀྱི་སྤྱན་ལམ་དུ་དལ་གྱིས་བཤམས་པ་རེད།


དད་ལྡན་མང་ཚོགས་ཀྱིས་མཎྜལ་མཆོད་པ་འབུལ་བཞིན་པ།


འབྲེལ་ཡོད་འོས་སྦྱོར།