logo

མཚོ་ལྷོ་ཁུལ་གྱིས་བོད་ཀྱི་གཙགས་དྲུབས་ཀྱི་ཁབ་ལེན་སྟངས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-09 ཀློག་གྲངས།:

海南州藏绣针法培训班在贵南县拉开帷幕
བོད་ཀྱི་གཙགས་དྲུབས་ཀྱི་ཁབ་ལེན་སྟངས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

  མཚོ་ལྷོ་ཁུལ་བི་ཤ་ཀརྨ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་ཟིས་མཚོན་རྟགས་ཇེ་རྒྱས་ཇེ་ལེགས་དང་བོད་ཀྱི་གཙགས་དྲུབས་ཀྱི་ལག་རྩལ་ལམ་ཆུ་ཚད་མཐོ་རུ་འདེགས་པར་དམིགས་ནས། ཅང་སུའུ་ཡི་གཙགས་དྲུབས་ཀྱི་ཆེད་མཁས་པ་རྣམས་གདན་དྲངས་ནས་མཚོ་ལྷོ་ཁུལ་མང་རྫོང་བོད་ཀྱི་གཙགས་དྲུབས་ཐོན་ལས་གླིང་དུ་བོད་ཀྱི་གཙགས་དྲུབས་ཀྱི་ཁབ་ལེན་སྟངས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཟླ4པའི་ཚེས3ཉིན་ནས་དངོས་སུ་འགོ་བརྩམས་ཤིང་། ལོ་གཅིག་ཡན་གྱི་གཙགས་དྲུབས་ཀྱི་ཉམས་མྱོང་ཡོད་པའི་བཟོ་བ30ལྷག་ལ་ཟླ2ནས་ཟླ6རིང་གི་བོད་ཀྱི་གཙགས་དྲུབས་ཀྱི་ཁབ་ལེན་སྟངས་ཀྱི་ཐད་ནས་གསོ་སྦྱོང་བྱེད་རྒྱུ་རེད།
  མཚོ་ལྷོ་ཁུལ་བི་ཤ་ཀརྨ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་ཟིས་མང་རྫོང་བོད་ཀྱི་གཙགས་དྲུབས་རིག་གནས་ལྟེ་གནས་སུ་ཟླ6རིང་གི་གསོ་སྦྱོང་བྱེད་རྒྱུ་ཡིན་པར་མ་ཟད། ཁྲི་ཀའི་བོད་ཀྱི་གཙགས་དྲུབས་ཐོན་ལས་གླིང་དུའང་ཟླ6རིང་ལ་བོད་ཀྱི་གཙགས་དྲུབས་ཀྱི་ཁབ་ལེན་སྟངས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་ནས། བོད་ཀྱི་གཙགས་དྲུབས་ཀྱི་བཟོ་བའི་དཔུང་སྡེའི་རྐང་འཛིན་བཟོ་བ་སྐྱེད་སྲིང་བྱས་རྗེས། རོང་འབྲོག་མང་ཚོགས་ཀྱི་གཙགས་དྲུབས་ཀྱི་ཟུར་ཁྲིད་ལག་རྩལ་དགེ་རྒན་བྱེད་དུ་འཇུག་པ་ཡིན།
  ཐེངས་འདིའི་གསོ་སྦྱོང་ནི་ཀུང་ཟིའི་བཟོ་བ་ཡོངས་སུ་ཁ་ཕྱོགས་པར་མ་ཟད། ཁུལ་ཡོངས་ཀྱི་བོད་ཀྱི་གཙགས་དྲུབས་སློབ་མཁན་རྣམས་ལ་རིན་མི་ལེན་པར་སློབ་ཁྲིད་བྱས་ཤིང་། དེ་ལས་གཞན་རིན་མི་ལེན་པར་ཟས་གཞིས་འདོན་སྤྲོད་བྱས་པས། རིན་སྤྲོད་མི་དགོས་པར་བོད་ཀྱི་གཙགས་དྲུབས་ཀྱི་ལག་རྩལ་སློབ་པའི་རྣམ་པ་བཟང་བོ་ཞིག་ཆགས་པ་རེད།


འབྲེལ་ཡོད་འོས་སྦྱོར།