logo

བསིལ་ལྗོངས་བརྙན་ཟློས་དྲ་བ་ཤར་གཏོང་ཐུབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-05 ཀློག་གྲངས།:

中国藏族视频网
བསིལ་ལྗོངས་བརྙན་ཟློས་དྲ་བའི་གཙོ་ངོས།

  ཉེ་ཆར། བོད་ཀྱི་གླུ་གཞས་དང་གློག་བརྙན་འཕྲིན་ལ་རོལ་མྱོང་ངམ་བརྒྱུད་སྒྲོག་བྱེད་པའི་སྟེགས་བུ་སྟེ་བསིལ་ལྗོངས་བརྙན་ཟློས་དྲ་བ་དངོས་སུ་ཤར་གཏོང་ཐུབ་པ་རེད། བསིལ་ལྗོངས་བརྙན་ཟློས་དྲ་བ་དེས་བོད་ཀྱི་གླུ་གཞས་ལ་དགའ་བའི་རྒྱ་ཆེའི་དྲ་གྲོགས་རྣམས་ལ་ཆེས་གསར་བ་དང་ཆེས་མགྱོགས་པ། ཆེས་གསལ་བའི་བོད་ཀྱི་གླུ་གཞསMVབརྙན་གཟུགས་རྒྱུ་ཆ་འདོན་སྤྲོད་བྱེད་ཅིང་། དེའི་མཚུངས་སུ་བོད་གླུMVསྐུད་ཐོག་ཏུ་གཟིགས་པ་དང་བརྙན་གཟུགས་དྲ་ཐོག་ཏུ་འཇོག་པ། MVབརྙན་གཟུགས་ཕབ་ལེན་བྱེད་པ་སོགས་ཀྱི་ནུས་པ་ལྡན་པ་རེད། དེར་མ་ཟད་དྲ་ཚིགས་འདིས་རིན་མི་ལེན་པར་བོད་ཀྱི་གླུ་བ་རྣམས་ཁྱབ་སྒྲོག་དང་གླུ་གཞས་བརྩམས་ཆོས་ཁྱབ་བརྡལ་དུ་གཏོང་བ་ཡིན།
  མིག་སྔར་དྲ་ཚིགས་ཀྱིས་བརྙན་གཟུགས་ཐོན་ཁུངས་གཅིག་བསྡུ་བྱེད་བཞིན་པའི་སྒང་ཡིན་པ་དང་། དྲ་ཚིགས་སུ་ཡོད་པའིMVབརྩམས་ཆོས་མུ་མཐུད་དུ་གསར་དུ་བརྗེ་བཞིན་ཡོད། རྒྱ་ཆེའི་དྲ་གྲོགས་རྣམས་ཀྱིས་ཚོགས་མིར་ཐོ་འགོད་བྱས་ནས་བརྙན་གཟུགས་དྲ་ཐོག་ཏུ་འཇོག་ཐུབ།

འབྲེལ་ཡོད་འོས་སྦྱོར།