མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གླིང་ཆེན་ལྔའི་གླིང་སྐྱོད་ལྕགས་རྟ་འགྲན་སྡུར་གྱི་གོ་གནས་དང་པོར་སོན།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-04-03
ཀློག་གྲངས།:
2012ལོར་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་དེ་ཞིང་ཆེན་གསུམ་གྱི་མཉམ་དུ་སྒྲུབ་པའི་རྒྱལ་སྤྱིའི་འགྲན་ཚོགས་ཤིག་ཏུ་གྱུར་བས། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ལ་སྐྱེ་སྟོབས་གསར་བ་ཞིག་བསྣན་པར་མ་ཟད། རང་རྒྱལ་གྱི་ཞིང་ཆེན་མང་པོས་ལུས་རྩལ་གྱི་མཚོན་རྟགས་ཤིག་བསྐྲུན་པར་ཉམས་མྱོང་ཕུན་སུམ་ཚོགས་པ་བསྡུས་ཤིང་། དེས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་དེ་འགྲན་དོན་གྱི་རིམ་པའི་སྟེང་གླིང་ཆེན་ལྔའི་གླིང་སྐྱོད་འགྲན་དོན་གྱི་གོ་གནས་དང་པོར་འགྱུར་པར་མཐུན་རྐྱེན་བསྐྲུན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་བརྒྱུད་ནས2012ལོར་སྨྱན་བྱད་་རིན་ཐང་སྒོར་དུང་ཕྱུར2.5མངོན་འགྱུར་བྱུང་བས། ས་གནས་ཀྱི་དཔལ་འབྱོར་གོང་སྤེལ་ལ་ནུས་པ་ཆེན་པོ་ཐོན་པ་རེད། འབྲེལ་ཡོད་སྡེ་ཁག་གིས་དཔྱད་སྡུར་ཚོད་དཔག་བྱས་པ་ལྟར་ན་ཟི་ལིང་དང་ཀྲུང་ཝེ། ལན་ཀྲུའུ་བཅས་གྲོང་ཁྱེར་གསུམ་གྱིས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ལ་བརྟེན་ནས་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར1.5ཐོན་པ་དང་། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ལས་ལོ་རེར་སྒོར་དུང་ཕྱུར1ཡན་གྱི་དཔལ་འབྱོར་ཕན་འབྲས་ཐོན་ཐུབ་པས། མཚོ་སྐོར་ལྕགས་རྟའི་གནས་སྐོར་གྱི་རྣམ་པ་གསར་བ་ཞིག་འགྲུབ་པར་སྐུལ་འདེད་ཐུབ་པ་རེད། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་གཉིས་པའི་རྒྱུག་ལམ་དེ་ཉིན་ཞཱ་ཡུན་ཁྲོན་བར་དུ་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་དང་། བྱ་དགའི་བསྡོམས་གྲངས་ཨ་སྒོར་ཁྲི70རུ་གཏོང་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།