logo

ལྷ་སའི་རྒྱང་སྒྲོག་བརྙན་འཕྲིན་མཉམ་ལས་གོང་སྤེལ་གླེང་སྟེགས་ཐོག་མ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-01 ཀློག་གྲངས།:
  ཟླ3པའི་ཚེས26ཉིན། ལྷ་སའི་རྒྱང་སྒྲོག་བརྙན་འཕྲིན་མཉམ་ལས་གོང་སྤེལ་གླེང་སྟེགས་ཐོག་མ་ལྷ་ས་རུ་བསྡུས་པ་རེད། པེ་ཅིང་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། ཅང་སུའུ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཁམས་བརྙན་འཕྲིན་ཁང་། མཚོ་སྔོན་བརྙན་འཕྲིན་ཁང་། བོད་ལྗོངས་བརྙན་འཕྲིན་སོགས་སྨྱན་བྱད་འཐུས་མི་རྣམས་གླེང་སྟེགས་སྟེང་ཞུགས་ཤིང་། ཁོང་ཚོས་ལེ་ཚན་དང་མི་སྣ། ལག་རྩལ་ཐད་ཀྱི་བརྗེ་རེས་མཉམ་ལས་བྱེད་པར་རྩད་སྡུར་བྱས་པ་སྟེ། ལེ་ཚན་སྒྲིག་བཟོ་དང་དོ་དམ་ནང་རྐྱེན། བྱ་བའི་འདུ་ཤེས་སོགས་ཀྱི་ཐད་ཀྱི་ཉམས་མྱོང་ཕན་ཚུན་ལ་བརྗེ་རེས་དང་སློབ་སྦྱོང་བྱས།
  ཐེངས་འདིའི་གླེང་སྟེགས་ཀྱིས་ཡུལ་ཁོངས་སོ་སོའི་སྨྱན་བྱད་དགེ་མཚན་ཕན་ཚུན་ཀྱིས་སློབ་སྦྱོང་བྱས་ནས། མཉམ་དུ་མཚོན་རྟགས་ཅན་གྱི་ལེ་ཚན་བསྒྲུབ་པའི་ཁར། སོ་སོའི་ཆུ་ཚད་དང་མཚན་སྙན་ཇེ་བཟང་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་འདུག  གླེང་སྟེགས་སྟེང་ལྷ་སའི་རྒྱང་སྒྲོག་བརྙན་འཕྲིན་དང་ཁམས་བརྙན་འཕྲིན་ཁང་། མཚོ་སྔོན་བརྙན་འཕྲིན་ཁང་སོགས་སུ་ལེ་ཚན་མཉམ་སྒྲུབ་ཀྱི་གྲོས་དོན་བཏོན་པ་རེད།
  ལྷ་ས་གྲོང་ཁྱེར་གྱི་དྲིལ་སྒྲོག་པུའི་པུའུ་ཀྲང་མཱ་ཞིན་མིན་གྱིས་བཤད་རྒྱུར། རྗེས་སོར་ལྷ་ས་གྲོང་ཁྱེར་གྱིས་དུས་བཅད་ལྟར་རང་སྐྱོང་ལྗོངས་ཕྱི་ནང་གི་བརྙན་འཕྲིན་ཁང་གི་འཐུས་མི་གདན་འདྲེན་བྱས་ནས་བརྙན་འཕྲིན་ཁང་བསྒྲུབ་པའི་ཉམས་མྱོང་དང་མཉམ་ལས་ནང་རྐྱེན་ཕན་ཚུན་ལ་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་འདོན་སྤྲོད་བྱེད་པའི་འཆར་གཞི་ཡོད་ཅེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།