logo

རྨ་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་གཞས་བསྡུའི་གསལ་བརྡ།

རྩོམ་པ་པོ།:རེ་རྐང་གླིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-31 ཀློག་གྲངས།:

        མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུའི་ཁུགས་སོ་དང་པོ་རུ་ཆགས་ཏེ།  གནས་འདིར་ཁམས་ར་རྒྱལ་ཁབ་རིམ་པའི་ས་གཤིས་ནགས་ཚལ་སྤྱི་གླིང་དང་རྨ་ཆུའི་འགག་འཕྲང་རིང་མོ། རྨ་ཁུག་གི་ཆེས་མཛེས་པའི་རྩྭ་ཐང་སོགས་ཡིད་དུ་འོང་བའི་མཐོ་སྒང་གི་རང་བྱུང་ཡུལ་ལྗོངས་ཡོད་པར་མ་ཟད། འཛམ་གླིང་དངོས་མིན་ཤུལ་རྫས་རེབ་གོང་སྒྱུ་རྩལ་དང་རྨ་ལྷོའི་བོད་ཀྱི་ཟློས་གར། ད་དུང་རེབ་གོང་ལོ་རྒྱུས་རིག་གནས་གནའ་མཁར་གྲགས་ཅན་སོགས་ཆེས་མཛེས་ཤིང་ལྟ་ན་སྡུག་པའི་མིས་བཟོས་ཡུལ་ལྗོངས་ཀྱང་གང་མང་ཡོད་པས།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བའི་དགའ་སྟོན་གྱི་བརྗོད་དོན་གླུ་གཞས་བསྡུ་རྒྱུ་ཡིན་པས།  གཞས་ཚིག་རྩོམ་པ་པོ་དང་གཞས་དབྱངས་རྩོམ་པ་པོ་རྣམས་བྱ་འགུལ་འདིར་ཞུགས་རྒྱུར་སྙིང་ཐག་པ་ནས་རེ་ཞུ་བྱས་པ་ཡིན།
དང་པོ། གཙོ་སྒྲུབ་ལས་ཁུངས།
        རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཚོགས་པ་ཡིན།
གཉིས་པ། བརྩམས་ཆོས་ཀྱི་ཆ་རྐྱེན།
        རྨ་ལྷོའི་རི་ཆུ་དང་མི་ཆོས། འཛུགས་སྐྲུན་གྱི་གྲུབ་འབྲས་དང་མཚར་སྡུག་གི་འཚོ་བ། རྨ་ལྷོར་དགའ་བ་དང་རྨ་ལྷོར་བསྟོད་པ། རྨ་ལྷོའི་དར་རྒྱས་སོགས་ལ་བསྟོད་གླུ་ལེན་རྒྱུ་ལས་གཞན། བརྗོད་སྙིང་གསལ་བོ་དང་དུས་རབས་ཀྱི་རང་བཞིན་དྲག་པ། གདངས་དབྱངས་སྙན་པ། བརྒྱུད་སྒྲོག་བྱེད་བདེ་ཞིང་ངག་ཏུ་ལེན་བདེ་བ། རྨ་ལྷོའི་རིག་གནས་ཀྱི་ཁྱད་ཆོས་གསལ་བོ་ཅན་ཞིག་ཡིན་དགོས། བརྩམས་ཆོས་ཀྱི་གཤིས་ཉམས་དང་རྣམ་པ། རྩོམ་ལུས་ལ་ངེས་པ་མེད།
གསུམ་པ། བརྩམས་ཆོས་བསྡུ་ལེན་བྱེད་ཡུལ།
        ས་ཆ་སོ་སོའི་ཚིག་རྩོམ་པ་པོ་དང་དབྱངས་རྩོམ་པ་པོ་དག་ལ་ཡིན།
བཞི་བ། བསྡུ་རུབ་ཀྱི་དུས་ཚོད་ནི། 2013ལོའིཟླ3པའི་ཚེས10ནས2013ལོའི་ཟླ7པའི་ཚེས28ཉིན་བར།
1.གཞས་ཚིག་བསྡུ་བའི་དུས་ཡུན་ནི2013ལོའི་ཟླ3པའི་ཚེས10ནས2013ལོའི་ཟླ7པའི་ཚེས28ཉིན་བར།
2. གཏན་འཁེལ་བྱས་པའི་གཞས་ཚིག་ལ་དབྱངས་རྩོམ་པར། གཙོ་སྒྲུབ་པའི་ཕྱོགས་ཀྱིས་བསྡུ་རུབ་བྱས་པ་ལས་བདམས་ཐོན་བྱུང་བའི་ཕུལ་བྱུང་གཞས་ཚིག་དག2013ལོའི་ཟླ6པའི་ཚེས1ཡས་མས་སུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དྲ་བ་དང་རིག་འབྱུང་དྲ་བར་སྤྱི་བསྒྲག་བྱ་རྒྱུ་ཡིན་ལ། སྐབས་དེར་གཞས་དབྱངས་རྩོམ་པ་པོ་དག་གིས་སྤྱི་བསྒྲགས་བྱས་པའི་ཕུལ་བྱུང་གཞས་ཚིག་དག་ལས་གང་རུང་བདམས་ཏེ་དབྱངས་གསར་རྩོམ་བྱས་ཆོག་ཅིང་། དུས་ཡུན་ནི2013ལོའི་ཟླ7པའི་ཚེས28ཉིན་བར ཡིན།
3. གཞས་ཚིག་རང་འདེམ(གསར་རྩོམ)གྱིས་དབྱངས་རྩོམ་པར། དུས་ཡུན་ནི2013ལོའི་ཟླ7པའི་ཚེས28ཉིན་བར་ཡིན།
ལྔ་བ། བསྡུ་རུབ་བྱེད་ཐབས། 
        A4ཅན་གྱི་ཤོག་བུའི་སྟེང་རྩོམ་ཡིག་གཏགས་ནས་བསྐུར་དགོས་ཤིང་། བསྐུར་ཡུལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཚོགས་པ་ཡིན་ལ། སྦྲག་སྲིད་ཨང་གྲངས811300ཡིན། རྩོམ་ཡིག་གི་གཡས་གཤམ་དུ་རྩོམ་པ་པོའི་མཚན་མིང་དངོས་མ་དང་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས། འབྲེལ་གཏུག་ས་གནས་དང་ཁ་པར་ཨང་གྲངས་བཅས་གསལ་བོར་འབྲི་དགོས་ཤིང་། ཡིག་ཤུབས་ཀྱི་གོང་སྟོད་ཀྱི་སྔུན་ཕྱོགས་སུ“རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་ལ་དྲན་རྟེན་དུ་ཕུལ་བའི་བྱ་དགའ་ཡོད་པར་བརྗོད་དོན་གླུ་གཞས་བསྡུ་རུབ་བྱེད་པའི་འགྲན་ཞུགས་བརྩམས་ཆོས”ཞེས་འབྲི་དགོས།
གློག་རྡུལ་རྩོམ་ཡིག་ཡིན་ན། རྒྱ་ཡིག  ཡིག་སྒམ wangy1915@163.com
                                  བོད་ཡིག  ཡིག་སྒམ515184261@qq.comདུ་བསྐུར་དགོས།
དྲུག་པ། བྱ་དགའི་བཀོད་སྒྲིག
 1. གཞས་ཚིག་ལ་ཕུལ་བྱུང་གཞས་ཚིག20གདམ་རྒྱུ་དང་། སོ་སོར་བྱ་དགའ་སྒོར1000རེ་དང་འཛིན་ཡིག་རེ་ཡོད།
 2. གཞས་དབྱངས་ལ། ཨང་དང་པོ་གཅིག་གདམ་རྒྱུ་དང་སྒོར10000ཡི་བྱ་དགའ་ཡོད། ཨང་གཉིས་པ་གཉིས་དང་བྱ་དགར་སྒོར3000རེ་ཡོད། ཨང་གསུམ་པ་གསུམ་དང་བྱ་དགར་སྒོར་2000རེ་ཡོད། ཕུལ་བྱུང་བཅུ་དང་བྱ་དགར་སྒོར1000རེ་ཡོད།
 3. གཞས་ཚིག་རང་འདེམ(གསར་རྩོམ)གྱི་དབྱངས་ལ་དགའ་རྟགས་ཐོབ་ན་གཞས་དབྱངས་རེ་རེར་སྒོར1000རེ་ཟུར་ནས་སྣོན་རྒྱུ་ཡིན།
བདུན་པ། ཆེད་དུ་གསལ་བཤད་བྱ་རྒྱུ།
        བསྐུར་ཡོང་བའི་བརྩམས་ཆོས་ཚང་མ་རང་ཉིད་ཀྱི་མ་རྩོམ་དངོས་མ་ཡིན་དགོས་ཤིང་། བརྩམས་ཆོས་ཀྱི་འགན་ཡོད་ཚད་རྩོམ་པ་པོ་རང་ཉིད་ཀྱིས་འཁུར་དགོས། གལ་ཏེ་ཤེས་བྱའི་བདག་དབང་ཐད་ཀྱི་རྩོད་གླེང་བྱུང་ཚེ་གཙོ་སྒྲུབ་པའི་ཕྱོགས་ནས་འགན་ཅི་ཡང་མི་འཁུར། བརྩམས་ཆོས་ལ་བྱ་དགའ་ཐོབ་ཚེ་མིང་འགོད་པའི་དབང་ཆ་རྩོམ་པ་པོར་དབང་ལ། བདག་དབང་གཞན་དག་གཙོ་སྒྲུབ་ལས་ཁུངས་ལ་དབང་།
བརྒྱད་པ། བྱ་འགུལ་དང་ཁྱབ་སྤེལ་གྱི་ཐད་ནས།
        བྱ་འགུལ་འདི་མཇུག་བསྒྲིལ་རྗེས་རང་སྐྱོང་ཁུལ་གྱི“ལོ་འཁོར60ལོན་པའི་དགའ་སྟོན”གྱི་སྟེང་བྱ་དགའ་སྟེར་བའི་མཛད་སྒོ་བསྡུ་རྒྱུ་ཡིན་པ་མ་ཟད། བྱ་དགའ་ཐོབ་པའི་བརྩམས་ཆོས་དག་འཁྲབ་ལེན་དང་འཁྲབ་སྟོན་བྱེད་རྒྱུ་ཡིན་ལ། བརྩམས་ཆོས་དག་གསར་འགྱུར་སྨྱན་བྱད་སྡེ་ཁག་དང་འཁྲབ་སྟོན་ཚོགས་པར་འོས་སྦྱོར་བྱ་རྒྱུ་ཡིན།
དགུ་བ། འབྲེལ་གཏུག་བྱེད་སའི་མི་སྣ་དང་ཁ་པར་ཨང་གྲངས་ལ། 
        སྐུ་ཞབས་རིན་ལགས་ཀྱི་ཁ་པར་ཨང་གྲངས་ནི0973-8724179དང་།
        སྐུ་ཞབས་རྡོ་ལགས་ཀྱི་ཁ་པར་ཨང་གྲངས0973-8795289དང་བཅས་ཡིན།


འབྲེལ་ཡོད་འོས་སྦྱོར།