logo

བོད་ཀྱི་བརྗོད་དོན་དངོས་བྲིས་གློག་བརྙན་མིའི་རིགས་རིག་པའི་དངོས་བརྙན་གླེང་སྟེགས་སུ་ཞུགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-28 ཀློག་གྲངས།:

བོད་ཀྱི་བརྗོད་དོན་དངོས་བྲིས་གློག་བརྙན་མིའི་རིགས་རིག་པའི་དངོས་བརྙན་གླེང་སྟེགས་སུ་ཞུགས།
ཡུལ་སྡེའི་མིག  སྐབས་གསུམ་པའི་མིའི་རིགས་རིག་པའི་དངོས་བྲིས་གློག་བརྙན་གླེང་སྟེགས།

        ཟླ3པའི་ཚེས25ནས་ཚེས28བར། ཡུན་ནན་སློབ་ཆེན་ལྷོ་ནུབ་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་དང་། པེ་ཅིང་རི་ཆུའི་རང་བྱུང་སྲུང་སྐྱོང་ལྟེ་གནས། ཡུན་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་པདྨ་རི་ཆུའི་རིག་གནས་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་དང་། ཡུན་ནན་སློབ་ཆེན་ཝུ་མ་ཡོའོ་མིའི་རིགས་རིག་པའི་བཤམས་སྟོན་ཁང་། གཉེན་པོ་གཡུ་རྩེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས། ཁ་བ་དཀར་པོ་རིག་གནས་ཁང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས། ཀོང་ཞི་སྐྱེ་ཁམས་བཤམས་སྟོན་ཁང་། ཞང་ཀང་སྡོད་ཁུལ་གྲོགས་པོས་རོགས་སྒྲུབ་གནང་བའི“ཡུལ་སྡེའི་མིག   སྐབས་གསུམ་པའི་མིའི་རིགས་རིག་པའི་དངོས་བྲིས་གློག་བརྙན་གླེང་སྟེགས”ཀྱི་བྱ་འགུལ་དེ་ཡུན་ནན་ཁུན་མུན་ཡོན་ཐུང་རྒྱལ་སྤྱིའི་གློག་བརྙན་ཁང་དུ་སྤེལ་ཞིང་། དེར་ཡུན་ནན་དང་།  མཚོ་སྔོན།  སི་ཁྲོན། ཀོང་ཞི། ཐེའེ་ཝན་སོགས་ས་ཁུལ་གྱི་མི་རིགས་སོ་སོའི་ཡུལ་སྡེའི་བརྙན་ཕབ་མཁན་དག་ཞུགས་ཡོད་པ་དང་། དངོས་བྲིས་བརྙན་གཟུགས40ལྷག་ནི་མི་རིགས་སོ་སོའི་སྡེ་དམངས་ཀྱིས་ཕབ་པ་ཡིན་ལ་ཐེངས་འདིའི་གླེང་སྟེགས་སུ་འགྲེམ་གཏོང་བྱས།  འདི་ནི་ཀྲུང་གོའི་ཡུལ་སྡེ་སྡོད་ཁུལ་གྱི་བརྙན་གཟུགས་དག་ཐོག་དང་པོར་ཚོང་ལས་གློག་བརྙན་ཁང་དུ་བཏང་པ་ཡིན།
        རྒྱུས་ལོན་པ་ལྟར་ན། 《གངས་རིའི་ལྟ་ཞིབ》ཅེས་པ་དང་། 《རྩམ་པ》། 《སྦྲ་ནག》 《གཉེན་སྟོན》། 《དབྱར་རྩྭ》། 《འབའ་གཞས་ཀྱི་གཏམ་རྒྱུད》། 《གསའ་དང་ང་ཡི་ཕ་ཡུལ》སོགས་བོད་རིགས་སྡེ་མིས་ཕབ་པའི་བོད་དང་འབྲེལ་བའི་དངོས་བྲིས10ལྷག་ཀྱང་ཐེངས་འདིའི་གླེང་སྟེགས་སུ་ཞུགས།


འབྲེལ་ཡོད་འོས་སྦྱོར།