logo

བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་སྐབས་བཅུ་གཅིག་པ་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-25 ཀློག་གྲངས།:

来自全国各地的一百对新人身着藏装体验工布婚礼
གཉེན་སྟོན་མཛད་སྒོ་སྤེལ་བཞིན་པ།

གངས་རིའི་འདབས་ཀྱི་ཁམ་སྔོང་།

  ཟླ3པའི་ཚེས23ཉིན། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཁམ་བུའི་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་སྐབས་བཅུ་གཅིག་པ་དེ་ཉིང་ཁྲི་རྫོང་དུ་གཟབ་རྒྱས་ངང་འགོ་བརྩམས་ཤིང་། རྒྱལ་ཡོངས་ཀྱི་ཡུལ་སོ་སོ་ནས་ཡོང་བའི་གནས་སྐོར་བ8000ལ་ཉེ་བས་ཉིང་ཁྲི་རུ་འཛོམས་ནས་ཀྲུང་གོའི་ཆེས་ཡིད་དུ་འོང་བའི་དཔྱིད་ཀ་འཚོལ་བ་ཞེས་པའི་གནས་སྐོར་གྱི་འགོ་བརྩམས་པ་རེད།
  དེར་མ་ཟད་དཔྱིད་ཟླ་གསུམ་པའི་སྦྲང་ཆར་ཟིམ་ཟིམ་བབས་ཤིང་ཁམ་བུའི་མེ་ཏོག་གི་དྲི་བསུང་ཆི་ལི་ལི་བྱེད་པའི་དུས་ཕུན་སུམ་ཚོགས་པར། རྒྱལ་ཡོངས་ཀྱི་ཡུལ་སོ་སོ་ནས་ཕེབས་པའི་མག་གསར་དང་བག་གསར་རྣམས་ཀྱིས་ལུས་ལ་ཀོང་པོའི་ཡུལ་གྱི་བོད་ལྭ་གྱོན་ནས་རྔམ་ཞིང་བརྗིད་པའི་གངས་རི་དཔང་དུ་བཞག་སྟེ་བརྩེ་བ་མི་འགྱུང་རྡོ་རྗེ་དམ་བཅའ་དང་བཅས་མི་ཚེའི་ཤོག་ལྷེ་གསར་བ་ཞིག་འབྲི་འགོ་བརྩམས།


རྒྱལ་ཡོངས་ཀྱི་ཡུལ་སོ་སོ་ནས་ཡོང་བའི་གནས་སྐོར་བ་རྣམས།
开幕式期间,工布响箭吸引游客的眼球
འགོ་རྩོམ་མཛད་སྒོའི་སྟེང་སྒྲ་ལྡན་མདའ་མོ་འཕེན་བཞིན་པ།

  འགོ་རྩོམ་མཛད་སྒོའི་སྟེང་གནས་སྐོར་བ་རྣམས་ཀྱིས་ཉིང་ཁྲི་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་གླུ་གར་དང་། ཐུན་མོང་མ་ཡིན་པའི་ཀོང་པོའི་གསོལ་སྟོན། བོད་ཀྱི་གཉེན་སྲོལ། དེ་མིན་ཀོང་པོའི་སྒྲ་ལྡན་མདའ་མོ་སོགས་ཚར་དུ་དངར་བའི་མིག་གི་ལོངས་སྤྱོད་ལ་རོལ་མྱོང་བྱེད་ཐུབ་པར་མ་ཟད། ཡུལ་དེ་གའི་ཡུལ་སྲོལ་གོམས་འདྲིས་དང་རང་བྱུང་མཛེས་ལྗོངས་སོགས་བརྗོད་བྱ་བྱས་པའི་ཉིང་ཁྲི་རུ་འཛོམས་ནས་ཀྲུང་གོའི་ཆེས་ཡིད་དུ་འོང་བའི་དཔྱིད་ཀ་འཚོལ་བ་ཞེས་པའི་བརྙན་རིས་འགྲེམ་སྟོན་ལའང་ལྟ་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།