logo

མཚོ་སྔོན་གྱིས་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལ་གཞི་བཅོལ་ཏེ་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་བསྣན།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-22 ཀློག་གྲངས།:

        ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི《མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ལས་དོན་གྱི“ལོ་ལྔའི་འཆར་འགོད་བཅུ་གཉིས”》ཁྲོད་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ལས་གཞི་ཚུད་ཡོད་པ་མ་ཟད། མཚོ་ལྷོ་ཁུལ་དུ་གཉེར་བའི་མཚོ་སྔོན་པོ་བོད་ཡིག་དང་རྒྱ་ཡིག་དྲ་བ་སྟེགས་བུ་གཙོ་ཤོས་སུ་བཟུང་དགོས་ཚུལ་བཏོན།
        《འཆར་འགོད》ཁྲོད་བསྟན་དོན། བོད་རྒྱ་སྐད་གཉིས་ཀྱི་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་སྟེགས་བུར་བཟུང་བ་གཞི་བཅོལ་ཏེ། ལས་སྤྱོད་ཁང་བའི་འཛུགས་སྐྲུན་དང་། གཞུང་སྒྲུབ་ཁང་། དེ་མིན་ཞིབ་འཇུག་སྒྲིག་ཆས་ཉོ་སྒྲུབ། རྩ་འཛུགས་སྒྲིག་ཁུངས་འཛུགས་སྐྲུན། ཆ་འཕྲིན་ཅན་གྱི་སྟེགས་བུ་སྒྲིག་འཛུགས་བཅས་ཀྱི་བྱ་བ་ལེགས་འགྲུབ་དང་། དྲ་རྒྱའི་བོད་འབྲེལ་གླེང་ཕྱོགས་གཙོ་འདོན་དབང་ཆ་མངའ་བར་བྱས་ཏེ་རང་རྒྱལ་བོད་ཡིག་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཡོང་བར་ཁག་ཐེག་དང་། ཆ་འཕྲིན་ཅན་དང་དྲ་རྒྱ་ཅན། འཛམ་གླིང་ཅན་གྱི་རྒྱབ་ལྗོངས་འོག་སྔར་ལས་ལྷག་པར་ཕན་ལྡན་སྒོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་དགོས།
        《འཆར་འགོད》ཁྲོད་མངོན་གསལ་གྱིས་བསྟན་དོན། མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་སྟེགས་བུ་བཟུང་སྟེ་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ལས་གཞི་ལ་ཤུགས་བསྣན་ཏེ་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ལ་སྔར་ལས་ལྷག་པར་རང་ནུས་འདོན་སྤེལ་དང་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་ཅིང་། 2012ལོར། སྔར་གྱི་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཞེས་པ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་མིང་བསྒྱུར་ཏེ་བོད་ཡིག་བྱ་ར་མ་ལག་སྔོག་འདོན་ལས་གཞི་གྲ་སྒྲིག་བྱས་ཤིང་། འཆར་འགོད་ལྟར་བོད་ཡིག་འཚོལ་བཤེར་མ་ལག་དང་བོད་ཡིག་ཡིག་ཚགས་བྱ་ར་མ་ལག  བོད་ཡིག་དྲི་བ་དྲིས་ལན་མ་ལག་བཅས་གཅིག་ཏུ་སྒྲིལ་བའི་བོད་ཡིག་མ་ལག་གི་ལས་གཞི་ཆེན་པོ་བཙུགས་ཏེ་བོད་ཡིག་འདི་ཉིད་གཞི་ནས་འཕྲིན་སྦྲེལ་དྲ་བའི་ཁོར་ཡུག་ཏུ་འཐིམ་པར་བྱེད་པ་དང་། དྲ་དམངས་ཀྱིས་ཆ་འཕྲིན་འཚོལ་ཞིབ་བྱེད་པར་སྔར་ལས་སྟབས་བདེ་ཡོང་བ་དང་དྲ་དམངས་སོ་སོའི་འདོད་བློ་དང་མཐུན་པའི་དགོས་མཁོ་སྐོང་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་ལག་ལེན་མཐར་ཕྱིན་སྒོས་བོད་སྐད་ཡིག་གི་སྤྱོད་ནུས་དང་སྤྱི་ཚོགས་གནས་བབ་མཐོར་འདེགས་གཏོང་དགོས་པ་ཡིན།


འབྲེལ་ཡོད་འོས་སྦྱོར།