བོད་ལྗོངས་སློབ་ཆེན་གྱི་ཕྱིའི་རྒྱལ་ཁབ་ཀྱི་ཕྱི་འགྲིམ་སློབ་མས་གེ་སར་ཞིབ་འཇུག་ཁང་ལ་ལྟ་ཞིབ་གནང་བ།

ཕྱི་འགྲིམ་སློབ་མ་རྣམས་ཀྱིས་གེ་སར་སྒྲུང་བཤད་ལ་ཉན་བཞིན་པ།
ཕྱི་འགྲིམ་སློབ་མ་རྣམས་ཀྱིས་བོད་ཀྱི་རིག་གནས་སྐོར་གྱི་གསལ་འགྲེལ་ལ་ཉན་བཞིན་པ།
ཉེ་ཆར། བོད་ལྗོངས་སློབ་ཆེན་གྱིས་ཕྱི་འགྲིམ་སློབ་མ་རྣམས་ལ་རྩ་འཛུགས་བྱས་ནས་བོད་ལྗོངས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་ཁང་གི་གེ་སར་ཞིབ་འཇུག་ཁང་ལ་ལྟ་ཞིབ་བྱེད་དུ་བཅུག་པ་རེད། བོད་རིག་པའི་ཞིབ་འཇུག་ཁང་གི་འགོ་གཙོ་ཚེ་བརྟན་བཀྲ་ཤིས་ལགས་དང་གེ་སེར་ཞིབ་འཇུག་ཁང་གི་དགེ་རྒན་དཔལ་བཟང་ལགས་གཉིས་ཀྱིས་བོད་རིག་པའི་ཞིབ་འཇུག་ཁང་གི་འགན་ནུས་དང་གེ་སར་སྒྲུང་མྱུར་སྐྱོབ་ལེགས་སྒྲིག་བྱེད་བཞིན་པའི་བྱ་བ་སོགས་ཕྱི་འགྲིམ་སློབ་མ་རྣམས་ལ་མཚམས་སྦྱོར་བྱས་པར་མ་ཟད། གེ་སར་སྒྲུང་པ་སྲིད་ཐར་རྡོ་རྗེ་ལགས་ཀྱིས་ཕྱི་འགྲིམ་སློབ་མ་རྣམས་ལ་གེ་སར་སྒྲུང་བཤད་པ་རེད།
ཐེངས་འདིའི་བྱ་འགུལ་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཕྱི་འགྲིམ་སློབ་མ་རྣམས་ཀྱིས་བོད་ལྗོངས་རིག་གནས་ལ་རྒྱུས་ལོན་བྱེད་ཐུབ་ཅིང་། བྱེ་བྲག་ཏུ་གེ་སར་རིག་གནས་སྒྱུ་རྩལ་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་རེད།
