logo

ལྷ་སའི་སློབ་གསོའི་གྲོང་གི་ལས་གྲྭ་བདེ་བླག་ངང་སྐྲུན་བཞིན་ཡོད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-20 ཀློག་གྲངས།:

拉萨市中等职业技术学校教学楼
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་། (འདྲ་བཅོས་རི་མོ།)

  ལྷ་སའི་སློབ་གསོ་གྲོང་གི་འཆར་བཀོད་འཛུགས་སྐྲུན་ནི་སློབ་སྔོན་སློབ་གསོ་དང་འགན་བབ་སློབ་གསོ། མཐོ་འབྲིང་སློབ་གསོ། ལས་རིགས་སློབ་གསོ། སློབ་ཆེན་གྱི་ཚན་རྩལ་ཞིབ་འཇུག དགེ་རྒན་དཔུང་སྡེའི་གསོ་སྦྱོང་། དགེ་བའི་བཤེས་གཉེན་གྱི་དགའ་ཚལ་སོགས་བདག་ཉིད་གཅིག་པའི་ཕན་ནུས་མང་འཛོམས་ཀྱི་གྲོང་ཁུལ་ཞིག་ཡིན་ཞིང་། ཅུང་འཐུས་ཚང་ཡིན་པའི་དེང་རབས་སློབ་གསོའི་མ་ལག་ཅིག་འགྲུབ་ངེས་པའི་ཁར། ཕུགས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་ལ་བསྟུན་ནས་ཚོང་ལས་དང་སྤྱི་བའི་ཞབས་ཞུ་དང་འབྲེལ་བའི་ལས་གཞི་ཆ་ཚང་བསྒྲིག་རྒྱུ་རེད།


ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་སྐྲུན་བཞིན་པའི་ཡུལ་དངོས་།

  ལྷ་སའི་སློབ་གསོ་གྲོང་དེ་ལྷ་ས་གྲོང་ཁྱེར་མཁར་གྲོང་གྲོང་ཁུལ་ཚལ་གུང་ཐང་ཡུལ་ཚོ་རུ་སྐྲུན་བཞིན་ཡོད་ཅིང་། བྱང་ངོས་ལྷ་སའི་སྐྱིད་ཆུ་དང་ཉེ་བ་དང་། ལྷོ་ངོས་རྒྱལ་གཞུང318ཀྱི་མཚམས་སུ་བསླེབས་འདུག  2012ལོའི་ཟླ9པ་ནས་བཟུང་ཕན་ནུས་མང་འཛོམས་ཀྱི་དེང་རབས་ཅན་གྱི་གྲོང་གསར་འདིའི་དུས་རིམ་དང་པོའི་ལས་གཞི་འཛུགས་སྐྲུན་བྱེད་འགོ་བརྩམས་ལ། དུས་རིམ་དེའི་ཁོངས་སུ་ལྷ་ས་གྲོང་ཁྱེར་སློབ་གསོ་གསོ་སྦྱོང་ལྟེ་གནས་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ། ལྷ་ས་གྲོང་ཁྱེར་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞི། ནག་ཆུའི་མཐོ་རིམ་སློབ་འབྲིང་གཉིས་པ་སོགས་ལས་གཞི་ཁག15འདུས་པ་དང་། མིག་སྔར་ལས་གཞི་ཁག11འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ཞིང་། སྔོན་དཔག་ལྟར་ན2014ལོའི་ཟླ6པར་ཡོངས་སུ་ལེགས་འགྲུབ་འབྱུང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།