logo

ལྷ་སའི་སྣེའུ་བརླན་སའི་སྤྱི་གླིང་དེ་ད་ལོར་བསྐྲུན་ཐུབ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-19 ཀློག་གྲངས།:

柳梧湿地公园效果图
སྣེའུ་བརླན་སའི་སྤྱི་གླིང་གི་འདྲ་སྒྲིག་རི་མོ།

  འཆར་བཀོད་ཁྲོད་ཀྱི་སྣེའུ་བརླན་སའི་སྤྱི་གླིང་དེ་སྣེའུ་གསར་གྲོང་གི་ཁོངས་སུ་མངའ་ཞིང་། ལྷ་གོང་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་གྱི་འཇུག་སྒོའི་གཡས་གཡོན་དུ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི59ལྷག་འདུག  སྤྱི་གླིང་དེ་ལྷ་ས་གྲོང་ཁྱེར་དང་སྤྱི་ལེ5ཙམ་ཡོད་ལ། ལྷ་སའི་གོང་དཀར་གནམ་གྲུ་ཐང་ནས་ལྷ་ས་གྲོང་ཁྱེར་དུ་བགྲོད་པའི་ཁོར་ཡུག་དང་པོའི་གནས་སུ་ཆགས།
  མིག་སྔར་སྣེའུ་བརླན་སའི་སྤྱི་གླིང་གི་ཇུས་འགོད་འཆར་གཞི་ཕལ་ཆེར་གཏན་ལ་ཕབ་ཅིང་། སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་གཏོང་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་ད་ལོར་ལེགས་འགྲུབ་འབྱུང་རྒྱུ་རེད། ལས་གཞི་འདི་ལེགས་འགྲུབ་བྱུང་ན་ལྷ་སའི་གྲོང་ཁྱེར་གྱི་སྣང་བརྙན་ཇེ་ལེགས་སུ་གཏོང་ཐུབ་པའི་ཁར། ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་མཛེས་ལྗོངས་གལ་ཆེན་ཞིག་ཏུ་འགྱུར་ངེས་པ་དང་། སྣེའུ་གསར་གྲོང་སྐྱེ་ཁམས་གསོ་སྤེལ་ས་ཁུལ་གྱི་སྐྱེ་ཁམས་ཕན་ནུས་ས་ཁུལ་གལ་ཆེན་ཞིག་ཏུ་འགྱུར་ངེས།


འབྲེལ་ཡོད་འོས་སྦྱོར།