འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པ་མཐུན་ཚོགས་ཀྱི་ཁོངས་མིའི་ཁྲོད་ཚུད་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-03-12
ཀློག་གྲངས།:

འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པ་མཐུན་ཚོགས་ཀྱི་ཁོངས་མིའི་ཁྲོད་ཚུད་པ། 
འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས།
ཟླ3པའི་ཚེས10ཉིན། ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པ་མཐུན་ཚོགས་ཀྱིས་གསར་དུ་ཁྱབ་བསྒྲགས་བྱས་པའི་ཁོངས་མིའི་མིང་ཐོའི་ཁྲོད་བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་བདམས་འདུག་པ་རེད།
འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མཛེས་རིས་གླིང་དང་པེ་ཅིང་གློག་བརྙན་སློབ་གླིང་གི་པར་ལེན་སྡེ་ཁག་ཏུ་སློབ་གཉེར་གནང་མྱོང་ཞིང་། བོད་ཀྱི་གློག་བརྙན་པར་མཁན་ཐོག་མ་ཡིན་པ་རེད། ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《དབུས་ལམ་གྱི་ཉི་མ》ལ་རྒྱལ་ཁབ་ཕྱི་ནང་དུ་བྱ་དགའ་མང་པོ་ཐོབ་མྱོང་བ་རེད།
འབྲེལ་ཡོད་འོས་སྦྱོར།
