གླུ་བ་ཡོན་ཏན་འཇིགས་མེད་ཀྱིས་ལོ་སར་གྱི་དུས་སུ་བརྩེ་སེམས་ཕུལ་བའི་བྱ་འགུལ་སྤེལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-02-16
ཀློག་གྲངས།:
གླུ་བ་ཡོན་ཏན་འཇིགས་མེད་ལགས།
རྒྱུས་ལོན་བྱུང་བ་ལྟར་ན“བརྩེ་སེམས100”ཞེས་པ་ནི་ཡོན་ཏན་འཇིགས་མེད་ཀྱིས་སྤེལ་བའི་སྤྱི་བའི་དགེ་ཕན་བྱ་འགུལ་ཞིག་ཡིན་ཞིང་། ཁོང་གིས་བྱ་འགུལ་འདི་བརྒྱུད་ནས་ཟོལ་མེད་ཀྱི་བརྩེ་སེམས་དྲོན་མོ་དེ་ཆེས་མཁོ་འདོད་ཆེ་བའི་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་ཕུལ་བཞིན་ཡོད་པ་རེད། ཁོང་གིས་བཤད་རྒྱུར100ཞེས་པ་ནི་མཚོན་བྱེད་ཀྱི་གྲངས་ཀ་ཙམ་ཡིན་ཏེ། གལ་ཏེ་ནུས་པ་ཡོད་ན་རྒྱལ་ཡོངས་སུ་སྤྱི་བའི་དགེ་ཕན་གྱི་བྱ་འགུལ་ཐེངས་གྲངས་སྟོང་གཅིག་དང་། ཐེངས་གྲངས་ཁྲི་གཅིག་ལ་སྤེལ་ཐུབ་རྒྱུའི་རེ་བ་ཡོད་ཅིང་། དེ་ལ་སྤྱི་ཚོགས་ཡོངས་ཀྱི་གྲོགས་པོ་རྣམས་དང་། ལྷག་པར་དུ་རོལ་རྩེད་ཁྱབ་ཁོངས་ཀྱི་གྲོགས་པོ་རྣམ་པ་ནང་དུ་ཞུགས་རྒྱུའི་འབོད་སྐུལ་བཏང་ལ། ཡོན་ཏན་འཇིགས་མེད་ཀྱིས་ཧུར་ཐག་གིས་སྤྱི་བའི་དགེ་ཕན་གྱི་བྱ་གཞག་རླབས་པོ་ཆེ་བསྒྲུབས་པར་མི་མང་པོའི་ཁས་ལེན་དང་གཟེངས་བསྟོད་ཐོབ་པར་མ་ཟད། བརྩེ་སེམས་ཅན་གྱི་སྒྱུ་རྩལ་པ་སོགས་ཀྱི་མཚན་སྙན་ཐོབ་པ་རེད།
འབྲེལ་ཡོད་འོས་སྦྱོར།