logo

གདུགས་དཀར་ཚེ་རིང་གིMV《འོད་སྣང》ཞེས་པ་མཚོ་སྔོན་བོད་སྐད་བརྙན་འཕྲིན་དུ་གཏོང་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-02-08 ཀློག་གྲངས།:

光芒 德格才让
MV《འོད་སྣང》ཞེས་པའི་པར་རིས།

              གདུགས་དཀར་ཚེ་རིང་དང་གཡང་ཕྱུག་མཚོ་གཉིས་ཀྱིས་ཕ་སྐད་ཀྱི་ལམ་ནས་མཉམ་དུ་བླངས་པའི་གླུ་གཞས《འོད་སྣང》ཞེས་པ་ཐོག་མར་མཚོ་སྔོན་བརྙན་འཕྲིན་བོད་སྐད་འཁོར་སྐར་འཕྲིན་ལམ་དུ་རྒྱ་ཆེའི་གཞས་གྲོགས་རྣམས་ཀྱི་སྙན་ལམ་དུ་འབུལ་རྒྱུ་ཡིན་ཞིང་། ཁོང་གིས་བཤད་རྒྱུར་རྗེས་སོར་མུ་མཐུད་དུ་སྙན་གཞས་གསར་རྩོམ་གྱི་ལས་ལ་རྩེ་གཅིག་གིས་གཞོལ་ཏེ་ཕ་སྐད་གྱི་ལམ་ནས་གླུ་གཞས་གསར་བ་འབུལ་ངེས་ཞེས་བརྗོད་པ་རེད།
              རྒྱུས་ལོན་པ་ལྟར་ནMVའདི་ནི་བྲེལ་ཆེ་བའི་བྱ་བའི་བར་གསེང་དུ་དུས་ཚོད་གང་ཡོད་སྤྱད་ནས་ཕབ་སྐྲུན་བྱས་པ་ཡིན་ཞིང་། རྗེས་མར་ཁོང་གིས་དེ་ལས་ལྷག་པའི་ནུས་པ་བཏོན་ཏེ་ཕ་སྐད་གཙང་མའིMVབསྒྲིག་ནས་གཞས་གྲོགས་རྣམས་ཀྱི་རྣ་བའི་ལོངས་སྤྱོད་ལ་ཐུན་མོང་མ་ཡིན་པའི་ཚོར་བ་ཞིག་བསྐྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། MVའདི་གཏོང་བའི་དུས་ཚོད་ནི་ཟླ2པའི་ཚེས10ཉིན་གྱི་ཆུ་ཚོད19:54སྟེང་ཐེངས་དང་པོར་གཏོང་རྒྱུ་ཡིན་ཞིང་། ཟླ2པའི་ཚེས11ཉིན་གྱི་ཆུ་ཚོད19:54དང་། ཟླ2པའི་ཚེས14ཉིན་གྱི་ཆུ་ཚོད12:16སྟེང་། ཟླ2པའི་ཚེས21ཉིན་གྱི18:37སྟེང་གཏོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།